བོད་ལྗོངས་ཀྱིས་ཡུམ་བུ་བླ་སྒང་ལ་ཉམས་གསོ་སྲུང་སྐྱོབ་བྱེད་འགོ་ཚུགས་པ།

གསར་འགོད་པར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་ཕོ་བྲང་ཐོག་མ་ཡུམ་བུ་བླ་སྒང་ལ་ཉམས་གསོ་བྱེད་བཞིན་ཡོད་པས། ཡུལ་སྐོར་བས་ལྟ་སྐོར་བྱ་རྒྱུ་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་པ་རེད།

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རིག་དངོས་ཅུས་ཀྱི་འགོ་འཛིན་བྱམས་པ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཡུམ་བུ་བླ་སྒང་གི་ཤིང་ཆས་ལྷུ་ལག་རུལ་སྐྱོན་ཤོར་བ་དང་། ལྷ་ཁང་གི་གྱང་ལ་སེར་ཁ་མང་པོ་གས་པ། རྩིག་རྨང་རྡིབ་པ་དང་དུས་མཚུངས་སུ་ལྷ་ཁང་ལ་ཉེན་ཁ་མང་པོ་གནས་ཡོད་པའི་རྐྱེན་གྱིས། རྒྱལ་ཁབ་ནས་མི་དམངས་ཤོག་སྒོར་བྱེ་བ་གཅིག་གཤམ་སྤྲོད་བྱས་ཏེ། རྙིང་པ་ རྙིང་པ་ནང་ལྟར་བཟོ་བཅོས་བྱེད་པའི་རྩ་དོན་གཞིར་བཟུང་ཁྱོན་ཡོངས་ནས་སྲུང་སྐྱོབ་དང་ཉམས་གསོ་བྱ་རྒྱུ་དང་། སྔོན་དཔག་བྱས་ན་དུས་སང་གི་ཟླ་བ་བཞི་པར་ལས་མཇུག་སྒྲིལ་རྒྱུ་ཡིན་པ་རེད།

ཡུམ་བུ་བླ་སྒང་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་དང་བར་ཐག་སྤྱི་ལེ་༡༡ཡོད་པའི་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་འདབས་སུ་ཆགས་ཡོད། ལོ་རྒྱུས་ཡིག་ཆའི་ནང་ཡུམ་བུ་བླ་སྒང་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་ཕྱག་བཏབ་པར་འཁོད། སྤྱི་ལོ་༡༩༦༢ལོར། ཡུམ་བུ་བླ་སྒང་དེ་ཉིད་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས་ཡོད་པ་རེད།