རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་འགྲན་བསྡུར་ཁྲོད་རང་ཞིང་གི་ཁ་ལོ་བ་དྲུག་ལ་ཕུལ་བྱུང་སྔོན་ཐོན་གཟི་བརྗིད་ཀྱི་མཚན་སྙན་ཐོབ་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   མཚོ་སྔོན་གྱི་ཁ་ལོ་བ་དྲུག་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་སྤྱི་ལེ་ཁྲི་བརྒྱ་ལ་རྒྱུག་པའི་ངལ་རྩོལ་འགྲན་བསྡུར་ཁྲོད།   “རྒྱལ་ཡོངས་ཀྱི་ཕུལ་བྱུང་ཁ་ལོ་བ”དང“རྒྱལ་ཡོངས་ཀྱི་སྔོན་ཐོན་ཁ་ལོ་བའི”གཟི་བརྗིད་མཚན་སྙན་ཐོབ།

ཐེངས་འདིའི་ངལ་རྩོལ་འགྲན་བསྡུར་ལ་ཀྲུང་གོ་འགྲིམ་འགྲུལ་སྐྱེལ་འདྲེན་མཐུན་ཚོགས་དང་ཀྲུང་གོ་ཧེ་ཡོན་འཛུགས་སྐྲུན་བཟོ་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་སྤེལ་བ་རེད།   རང་ཞིང་གི་ཁ་ལོ་བ90ལྷག་ཐེངས་འདིའི་འགྲན་བསྡུར་ཁྲོད་ཞུགས་ཡོད་ལ་རིམ་བཞིན་འགྲན་བསྡུར་བདམས་ཐོན་བྱས་པ་བརྒྱུད།  རང་ཞིང་གི་ཀྲུང་གོ་སྦྲག་སྲིད་ཚོགས་ཁག་ཚད་ཡོད་འགན་ལེན་ཀུང་ཟིས་པའེ་ཡུས་ཀྲུང་དང་ཧེ་ཡོན་ཚོགས་ཁག་ཧོང་གྲོང་ཝེ་ཡོན་རླངས་འཁོར་སྐྱེལ་འདྲེན་ཚད་ཡོད་འགན་ལེན་ཀུང་ཟིས་ཝེ་གོ་ཅོན། རྨ་ལྷོ་ལུང་ཞང་རླངས་འཁོར་འགྲུལ་སྐྱེལ་ཚད་ཡོད་ཀུང་ཟིས་ཤ་བོ་རྒྱལ་བཅས་ཁ་ལོ་བ་བཞི་ལ“རྒྱལ་ཡོངས་ཀྱི་སྔོན་ཐོན་ཁ་ལོ་བའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད།