འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བྱེད་ཐབས་མང་པོ་སྤྱད་དེ་རྡོ་སོལ་རིན་གོང་ཇེ་དམའ་འགྲོ་བར་མུ་མཐུད་ཁྲིད་སྟོན་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ11པའི་ཚེས23ཉིན། གསར་འགོད་པ་ཏུའུ་ཁྲིན་དང་ལིག་ལའེ་གཉིས་ཀྱིས་ཀྲུང་གོའི་རྒྱང་སྒྲོག《གསར་འགྱུར་དང་ཚགས་པར་གནད་བསྡུས》སྒྲོག་འདོན་ལས་རྒྱུས་ལོན་པ་ལྟར་ན།  རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལན་ཝེ་ལེའང་གིས། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ནས་མུ་མཐུད་ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ་རྡོ་སོལ་ཇེ་དམའ་འགྲོ་བར་ཁྲིད་སྟོན་བྱེད་པ་དང་ལུགས་མཐུན་གྱི་ཚད་གཞི་ཞིག་ནས་གནས་ཐུབ་དགོས་པ་དང་རང་རྒྱལ་གྱི་རྡོ་སོལ་ཐོན་སྐྱེད་ནུས་པའི་ལས་འགན་སང་ལོའི་སྔོན་དུ་ལེགས་གྲུབ་ཡོང་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག

ལན་ཝེ་ལེའང་གིས། ལོ་འདི་འགའི་རིང་ལ་རྡོ་སོལ་ཁྲོམ་རྭའི་མཁོ་འདོན་དང་དགོས་མཁོ་སྤྱི་ཡོངས་ནས་དོ་སྙོམས་རྒྱུན་འཁྱོངས་ཐུབ་ཡོད། ཡིན་ནའང་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཕོག་པ་དང་ལྷག་དོན་ལོ་རྒྱུས་ཀྱི་ཤུལ་ན་ལྷག་པའི་ཁྲིམས་འགལ་དང་གཏན་འབེབས་ལས་རྒྱབ་འགལ་བྱས་པའི་གནད་དོན་གྱིས་ཐོན་ནུས་འདོན་སྤེལ་བྱེད་རྒྱུར་ཚོད་འཛིན་ཐེབས་པ་དང་ས་ཁུལ་ཁ་ཤས་སུ་རྡོ་སོལ་མཁོ་འདོན་བྱེད་དཀོན་པ་དང་རིན་གོང་འཕར་ཆག་གི་གནས་ཚུལ་ཐོན་ཡོད་པ་རེད། སྤུས་ལེགས་ཐོན་ནུས་འདོན་སྤེལ་ཐུབ་པ་དང་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་སོགས་བྱ་ཐབས་དོན་འཁྱོལ་བྱས་པ་དང་བསྟུན་ནས་རྡོ་སོལ་གྱི་ཐོན་ཚད་དང་སྐྱེལ་འདྲེན་བྱེད་ཚད། ཉར་ཚགས་བྱེད་ཚད་བཅས་མངོན་གསལ་དོད་པོས་འཕར་སྣོན་བྱུང་ཡོད་ཅེས་གསུངས་འདུག

ད་ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་རྡོ་སོལ་གཏེར་འདོན་ཁུལ་གྱི་གྲངས་ཀ2015ལོའི་ཁྲི1.8ནས7000གཡས་གཡོན་བར་ཇེ་ཉུང་དུ་སོང་ཡོད་པ་རེད། ལན་ཝེ་ལེའང་གིས། རང་རྒྱལ་གྱི་རྡོ་སོལ་ཐོན་སྐྱེད་ལས་འགན2018ལོར་གཞི་རྩའི་ཆ་ནས་ལེགས་འགྲུབ་ཟིན་རྒྱུའི་རེ་བ་ཡོད་པ་དང་ཡང་ན་དེའི་སྔོན་ལ་ལེགས་འགྲུབ་ཡོང་ཐུབ་པར་རེ་བ་ཡོད་ཟེར།