ཞིང་ཆེན་ཏང་ཨུའི་དོ་དམ་ལས་བྱེད་པའི་གོ་གནས་མ་བསྐོས་གོང་གི་སྤྱི་བསྒྲགས།

《མཚོ་སྔོན་ཞིང་ཆེན་དོ་དམ་ལས་བྱེད་པའི་གོ་གནས་མ་བསྐོས་གོང་གི་སྤྱི་བསྒྲགས་བྱེད་ཐབས》ཀྱི་གཏན་འབེབས་གཞིར་བཟུང་སྟེ།  ལས་བྱེད་པའི་གོ་གནས་བསྐོ་བཞག་བྱེད་རྩིས་ཡོད་པའི་སྤྱི་བསྒྲགས་གཤམ་གསལ་ལྟར།  

ཁྲང་ཝིའུ་ཉིན།  ཕོ། རྒྱ་རིགས། 1960ལོའི་ཟླ8པར་སྐྱེས།  ཀྲུང་གོང་ཏང་ཡོན།  ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཆེད་སྦྱོང་བསླབ་གནས། ད་ལྟ་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའུ་ཚོགས་མི་བཅས་ཀྱི་འགན་ཁུར་ཡོད།  མི་འགྱང་བར་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་སྐོར་ཞིབ་པ་རུ་སྤོར་རྩིས་ཡོད།  

མཱ་ཡོ་ཡུའུ།  ཕོ། ཧེ་རིགས།  1962ལོའི་ཟླ3པར་སྐྱེས།  ཀྲུང་གོང་ཏང་ཡོན།  སློབ་ཆེན་བསླབ་གནས།  ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའུ་ཚོགས་མི་བཅས་ཀྱི་འགན་ཁུར་ཡོད།  མི་འགྱང་བར་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐོར་ཞིབ་པ་རུ་སྤོར་རྩིས་ཡོད།  

ཕུའུ་ཆིན།  མོ།  རྒྱ་རིགས།   1963ལོའི་ཟླ12པར་སྐྱེས།  ཀྲུང་གོང་ཏང་ཡོན།  ལས་ཐོག་ཆེད་སྦྱོང་བསླབ་གནས།  ད་ལྟ་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་གྲོན་དངུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་གྲོན་དངུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་ཁུར་ཡོད།   མི་འགྱང་བར་ཐིན་རིམ་པ་གཞོན་པའི་མགོ་ཁྲིད་ལས་བྱེད་པ་རུ་སྤོར་རྩིས་ཡོད།  

ལིས་ཀའོ་ཆོན།  ཕོ། རྒྱ་རིགས།  1964ལོའི་ཟླ4བར་སྐྱེས།  ཀྲུང་གོང་ཏང་ཡོན།  ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་བསླབ་གནས། ད་ལྟ་ཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྱི་འགན་ཁུར་ཡོད། མི་འགྱང་བར་ཐིན་རིམ་པ་གཞོན་པའི་མགོ་ཁྲིད་ལས་བྱེད་པ་རུ་སྤོར་རྩིས་ཡོད།  

ཀྲང་ཧེ་དབྱིན།  ཕོ། རྒྱ་རིགས།   1962ལོའི་ཟླ1དང་པོར་སྐྱེས།  ཀྲུང་གོང་ཏང་ཡོན།  སློབ་ཆེན་བསླབ་གནས།  ད་ལྟ་ཀྲུང་གོང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཁྲུའུ་ཡི་ཁྲུའུ་ཀྲང་གསུམ་པའི་འགན་ཁུར་ཡོད།  མི་འགྱང་བར་ཐིན་རིམ་པ་གཞོན་པའི་མགོ་ཁྲིད་ལས་བྱེད་པ་རུ་སྤོར་རྩིས་ཡོད།  

ལུའུ་ཅན་ཆིན།  ཕོ། རྒྱ་རིགས།  1962ལོའི་ཟླ9བར་སྐྱེས།  ཀྲུང་གོང་ཏང་ཡོན།  ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་བསླབ་གནས། ད་ལྟ་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཏང་ཨུའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པའི(ཀྲིན་ཁྲུའུ་རིམ་པ)འགན་ཁུར་ཡོད།  མི་འགྱང་བར་ཐིན་རིམ་པ་གཞོན་པའི་མགོ་ཁྲིད་ལས་བྱེད་པ་རུ་སྤོར་རྩིས་ཡོད།  

 སྤྱི་བསྒྲགས་དུས་ཡུན། 2017ལོའི་ཟླ1པའི་ཚེས25ཉིན་ནས་ཟླ12པའི་ཚེས1ཉིན།  སྤྱི་བསྒྲགས་སྐབས་སུ་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཁ་པར་དང་འཕྲིན་ལམ།  གམ་བཅར།  དྲ་ཐོག་གཏུག་བཤེར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས།  སྤྱི་བསྒྲགས་མི་སྣའི་ཀུན་སྤྱོད་དང་འབྱོན་ཐང་།  ལས་ཀ། ལས་ཀའི་གྲུབ་འབྲས། སྤྱོད་གཙང་སོགས་ཀྱི་ཕྱོགས་ཀྱི་གནས་ཚུལ་དང་གནད་དོན་ལ་དངོས་ཐོག་བདེན་འཚོལ་དང་དྲང་བདེན་དངོས་ཀྱི་ཐོག་ནས་ཚུར་སྣང་བྱས་ཆོག

སྡོད་གནས།  ཀྲུང་གོང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ལས་བྱེད་པའི་ལྟ་སྐུལ་ཁྲུའུ། (སྦྲགས་སྲིད་ཨང་གྲངས810000)

ཁ་པར། (0971)12380  8482621  8482620

ཀྲུང་གོང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ།

2017ལོའི་ཟླ11པའི་ཚེས25ཉིན།