ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འགལ་གྱི་སྨན་བཅོས་མཛེས་བཟོ་ལ་རྡུང་རྡེག་བཏང་སྟེ་གྲུབ་འབྲས་བླངས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   རང་ཞིང་གིས་གིས་ཁྲིམས་འགལ་གྱི་སྨན་བཅོས་མཛེས་བཟོ་ལ་རྡུང་རྡེག་གཏོང་བའི་ཆེད་དོན་ལས་འགུལ་ལ་གྲུབ་འབྲས་མངོན་གསལ་གྱིས་བླངས།   ད་ལྟའི་བར་དུ། ཞིང་ཆེན་ཡོངས་ནས་སྨན་བཅོས་ལས་ཁུངས406དང་མཛེས་བཟོ་སྨན་བཅོས་ལས་ཁུངས39། འཚོ་བའི་མཛེས་བཟོ་ཁང350རྟོག་ཞིབ་བྱས་ཏེ། དེའི་ཁྲོད་ལག་རྟགས་དཔང་ཡིག་མེད་པའི་སྨན་བཅོས་མཛེས་བཟོ་ཁང་གཅིག་ཡོད་ལ་གྱོད་དོན་ཐོ་འགོད་བྱས་པའི་གྱོད་གཞི་གཅིག་ཡོད།  མཛེས་བཟོ་ཁང་གཅིག་ལ་ཆད་པ་བཅད།  ཁྲིམས་འགལ་གྱིས་སྨན་བཅོས་མཛེས་བཟོ་བྱ་འགུལ་སྤེལ་བའི་སྨན་བཅོས་ལས་ཁུངས26རྩད་ཆོད་བྱུང་བ་དང་གྱོད་གཞི་ཐོ་འགོད་བྱས་པའི་གྱོད་དོན4ཡོད།  འགན་འཁྲིའི་བཀའ་ལྟར་ཡོ་བསྲང་བྱེད་པའི་མཛེས་བཟོ་ཁང9དང་ཐ་ཚིག་བསྒྲགས་པའི་མཛེས་བཟོ་ཁང4ཡོད་ལ་མཛེས་བཟོ་ཁང2ལ་ཆད་པ་བཅད།

རྒྱལ་ཁབ་པུའུ་ཨུ7གྱིས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་གཞིར་བཟུང་སྟེ།  རང་ཞིང་གིས་ཁྲིམས་འགལ་གྱིས་སྨན་བཅོས་མཛེས་བཟོ་ལ་རྡུང་རྡེག་ཚབ་ཆེན་གཏོང་བའི་ཆེད་དོན་ལས་འགུལ་སྤེལ་ནས། སྨན་བཅོས་མཛེས་བཟོ་ཞབས་ཞུའི་དཔང་ཡིག་དང་སྨན་བཅོས་མཛེས་བཟོ་ལས་ཁུངས།   ལས་བཟོ་བའི་བྱ་སྤྱོད་དང་སྨན་བཅོས་མཛེས་བཟོའི་སྤུས་ཚད་བདེ་འཇགས་སོགས་ཀྱི་ནང་དོན་གཙོར་བཟུང་སྟེ། འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་རྒྱལ་ཁབ་ལྟ་ཞིབ་དཔེ་འཐེན་བརྟག་དཔྱད་དང་ཉིན་རྒྱུན་གྱི་ལྟ་ཞིབ།  ཆེད་དོན་བཅོས་སྐྱོང་སོགས་ཟུང་འབྲེལ་གྱིས་མཛེས་བཟོའི་སྨན་བཅོས་ལས་ཁུངས་དང་མཛེས་བཟོ་ཁང་།  སྨན་བཅོས་ལས་ཁུངས་བཅས་ལ་ཁྲིམས་ལྟར་ལས་གཉེར་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་རྟོག་ཞིབ་དང་།   ཁྲིམས་ལྟར་མཛེས་བཟོའི་སྨན་བཅོས་ལས་ཁུངས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་རྩད་ཞིབ་བྱས་ཏེ་སྨན་བཅོས་མཛེས་བཟོའི་ལས་གཉེར་བྱ་སྤྱོད་སྔར་ལས་ཚད་ལྡན་དུ་གཏོང་རྒྱུ་རེད།      དེའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་མཛེས་བཟོའི་སྨན་བཅོས་ལས་ཁུངས་དང་འཚོ་བའི་མཛེས་བཟོ་ཁང་བཅས་ཀྱི་ཉིན་རྒྱུན་གྱི་ལྟ་ཞིབ་ཚད་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། སྨན་བཅོས་མཛེས་བཟོའི་ལས་ཁུངས་ཀྱི་ལྟ་སྐུལ་རྟོག་ཞིབ་ཚད་ཁྱོན་ཡོངས་ལ་ཁེབས་པར་བྱེད་དགོས། དཔང་ཡིག་མེད་པ་དང་སྨན་བཅོས་མཛེས་བཟོའི་ཞབས་ཞུ་ཚད་ལྡན་མ་ཡིན་པ་ལ་རྡུང་རྡེག་ཚབ་ཆེན་བཏང་སྟེ།  འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་མི་དམངས་མང་ཚོགས་ཀྱི་ལས་ཕུངས་བདེ་ཐང་འགན་ལེན་བྱེད་དགོས།  ཞིང་ཆེན་དང་གྲོང་ཁྱེར། ཁུལ།  རྫོང་རིམ་པ་བཅས་ཀྱི་འཕྲོད་བསྟེད་འཆར་ལྡན་བུ་སྐྱེས་སྲིད་འཛིན་སྡེ་ཁག་དང་ལྟ་སྐུལ་ལས་ཁུངས་ཀྱིས་རང་འགུལ་གྱིས་སྤྱི་ཚོགས་ལ་གཏུགས་བཤེར་ཁ་པར་ཨང་གྲངས་སྤྱི་བསྒྲགས་བྱས་ཏེ།  མང་ཚོགས་ཀྱིས་གཏུགས་བཤེར་བྱས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞིའི་ཁུངས་སྣེ་དང་ལེན་གྱིས་དྲིག་སྒྲོག་སློབ་གསོ་རྒྱ་ཁྱབ་ཀྱིས་སྤེལ་ཏེ་འཛད་སྤྱོད་པས་ཚད་ལྡན་གྱི་མཛེས་བཟོ་སྨན་བཅོས་ལས་ཁུངས་བདམས་ནས་སྨན་བཅོས་མཛེས་བཟོ་ཞབས་ཞུ་དང་ལེན་བྱེད་པར་མཛུབ་སྟོན་བྱས།