2017ལོའི་རྒྱལ་ཡོངས་སྣེ་ཤན་པའི་ཐོབ་ཐང་ཡིག་རྒྱུགས་ལེན་འགོ་ཚུགས་པ།

ཉེ་ལམ་རང་ཞིང་གི་རྒྱུགས་ཞུགས་སློབ་མ༨༢༠ཟི་ལིང་གྲོང་ཁྱེར་གྱི་༢༠༡༧ལོའི་རྒྱལ་ཡོངས་སྣེ་ཤན་པའི་ཐོབ་ཐང་གི་མཚོ་སྔོན་རྒྱུགས་ཁུལ་གྱི་ཡིག་རྒྱུགས་ནང་ཞུགས་ཡོད་པ་རེད།

ད་ལོར་ཞིང་ཆེན་ཡོངས་ཀྱི་སྣེ་ཤན་པའི་ཐོབ་ཐང་གི་རྒྱུགས་ནང་ཞུགས་མཁན་སློབ་མ་ཁྱོན་སྡོམ༨༢༠ཡོད་ཅིང་། བསྟུད་མར་ལོ་གསུམ་ནང་ཇེ་མང་དུ་འགྲོ་བའི་རྣམ་པ་མངོན་ཡོད།  དེའི་ནང་རྒྱའི་སྤྱི་སྐད་ཀྱི་རྒྱུགས་ཞུགས་སློབ་མ༧༨༦ཡོད་པ་དང་། ཕྱི་སྐད་རིགས་ཀྱི་རྒྱུགས་ཞུགས་སློབ་མ༣༤ཡོད་པས་ན་ནིང་ལས་མི༧༩ཇེ་མང་དུ་སོང་ལ་བརྒྱ་ཆའི་༡༠.༧འཕར་ཡོད་པ་རེད། ད་ལོའི་ཡིག་རྒྱུགས་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བཅོས་སྒྱུར་བྱས་ཡོད་པས། ཁ་རྒྱུགས་ཀྱི་རིམ་པ་དེ་ཀློག་ཀླད་ཐོག་རྒྱུགས་བླངས་པ་ཐོག་དང་པོ་ཡིན་རེད། རྒྱུགས་ཞུགས་པ་ཚང་མས་ཐེངས་འདིའི་རྒྱུགས་ཀྱི་ནང་དོན་དངོས་ཡོད་དང་འཚམ་ལ་སྒྲིག་འཛུགས་ཚད་ལྡན་ཡིན་པ་མ་ཟད། རྒྱུགས་རའི་སྒྲིག་ལམ་ལེགས་ཚུལ་བརྗོད། ༢༠༡༨ལོའི་ལོ་མགོར། རྒྱུགས་ཞུགས་སློབ་མ་རྣམས་ཀྱིས་དྲ་ཐོག་གི་ཐོ་འགོད་མ་ལག་གམ་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་གོང་སྤེལ་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་ཚིགས་བརྒྱུད་དེ་རྒྱུགས་འབྲས་འཚོལ་འདྲི་བྱས་ཆོག

ལོ་ཙཱ་བ། ཁོན་ཐར་འཚོ།