2017ལོའི་ལོ་ཧྲིལ་བོར་ཏང་སྲིད་གཙང་སྐྱོང་དང་རུལ་རྒོལ་ལས་ཀའི་གནས་ཚུལ་ལ་སྤྱི་ཚོགས་ཀྱི་ཡིད་ཚིམ་ཚད་ཐད་གདེང་འཇོག་བྱེད་སྐོར་གྱི་བརྡ་ཐོ།

རྒྱ་ཆེའི་བའི་དྲ་གྲོགས་རྣམ་པ།

སྤྱི་ཟླ༡༢པའི་ཚེས༡ཉིན་ཏེ་གཟའ་པ་སངས་ཉིན་ནས་ཟླ༡༢པའི་ཚེས༢༠ཏེ་གཟའ་ལྷག་པའི་ཉིན་བར་དུ་རང་ཞིང་གི་༢༠༡༧ལོའི་ཏང་སྲིད་གཙང་སྐྱོང་དང་རུལ་རྒོལ་ཐེར་འདོན་གྱི་ལས་ཀའི་གནས་ཚུལ་སྐོར་ལ་སྤྱི་ཚོགས་ཀྱི་ཡིད་ཚིམ་ཚད་ག་འདྲ་ཞིག་ཡིན་པར་གདེང་འཇོག་བྱེད་རྒྱུ་ཡིན་པས། བར་སྐབས་དེའི་ནང་ཁྱེད་ཅག་གིས་མཚོ་སྔོན་གསར་འགྱུར་དྲ་བ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།  མཚོ་སྔོན་སྒྲིག་བཤེར་ལྟ་ཞིབ་དྲ་བ་བཅས་ཀྱི་དྲ་ངོས་ནས༢༠༡༧ལོའི་ལོ་ཧྲིལ་བོའི་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་གཙང་སྐྱོང་དང་རུལ་རྒོལ་ལས་ཀའི་གནས་ཚུལ་ལ་སྤྱི་ཚོགས་ཀྱི་ཡིད་ཚིམ་ཚད་ཐད་གདེང་འཇོག་བྱེད་པའི་སྟེགས་བུར་བསྐྱོད་དེ།  སྤྱི་ཚོགས་ཀྱི་གདེང་འཇོག་མ་ལག་ཏུ་གདེང་འཇོག་བྱེད་ཆོག  གཞན་གཤམ་གྱི་རྩ་གཉིས་ཨང་བཤེར་བརྒྱུད་ནས་ཐད་ཀར་གདེང་འཇོག་བྱས་ཆོག

གདེང་འཇོག་འདི་ནས་བྱས་ཆོག 


ལོ་ཙཱ་བ། ཁོན་ཐར་འཚོ།