2018ལོའི་དུས་ཆེན་ཁག་གི་གུང་གསེང་གཏོང་བའི་བརྡ་ཐོ།

སྤྱི་ཟླ2པའི་ཚེས15ཉིན་ནས་ཚེས21ཉིན་བར་དཔྱིད་གསར་དུས་ཆེན་གྱི་གུང་གསེང་གཏང་རྒྱུ་གཏན་ལ་ཕབ་འདུག

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ལྟར། 2018ལོའི་ལོ་གསར་དང་དཔྱིད་གསར། དྭངས་གསལ་དུས་ཆེན་(དུར་ཕྱགས་དུས་ཆེན)དང་ངལ་རྩོལ་དུས་ཆེན། ལྔ་བའི་ཚེས་ལྔའི་དུས་ཆེན།  ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་བཅས་ཀྱི་གུང་གསེང་དུས་ཚོད་བཀོད་སྒྲིག་གཤམ་གསལ་ལྟར།

གཅིག   ལོ་གསར་གྱི་གུང་གསེང་དེ་སྤྱི་ཟླ1པོའི་ཚེས་1ཉིན་བར་ཡིན་པ་དང་གཟའ་མཇུག་དང་འབྲེལ་ནས་ངལ་གསོ་རྒྱུ་ཡིན་པ།  

གཉིས།  དཔྱིད་གསར་གྱི་གུང་གསེང་སྤྱི་ཟླ2པའི་ཚེས15ཉིན་ནས་ཚེས21ཉིན་བར་ཡིན་པ་དང་། བསྡོམས་པའི་ཉིན་7ལ་ངལ་གསོས་ཆོག  ཟླ་དེའི་ཚེས་11(གཟའ་ཉི་མ་)དང་ཟླ་ཚེས་24ཉིན་(གཟའ་སྤེན་པ་)གཉིས་ལ་ལས་ཚོགས་སུ་ཞུགས་དགོས་པ་རེད།  

གསུམ།   དྭངས་གསལ་དུས་ཆེན་གྱི་གུང་གསེང་སྤྱི་ཟླ4པའི་ཚེས5ཉིན་ནས་ཚེས7ཉིན་བར་ཡིན་པ་དང་བསྡོམས་པའི་ཉིན་3ལ་ངལ་གསོས་ཆོག ཟླ་དེའི་ཚེས8ཉིན་(གཟའ་ཉི་མ)ལས་ཚོགས་སུ་བྱེད་དགོས།

བཞི།  ངལ་རྩོལ་དུས་ཆེན་གྱི་གུང་གསེང་སྤྱི་ཟླ4བའི་ཚེས་29ཉིན་ནས་ཟླ5བའི་ཚེས1ཉིན་བར་ཡིན་པ་དང་བསྡོམས་པའི་ཉིན་3ལ་ངལ་གསོས་ཆོག ཟླ་དེའི་ཚེས28ཉིན་(གཟའ་སྤེན་པ)ལས་ཚོགས་སུ་ཞུགས་དགོས་པ་རེད།

ལྔ།   ལྔ་བའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་སྤྱི་ཟླ6པའི་ཚེས18ཉིན་ཡིན་པ་དང་གཟའ་མཇུག་དང་འབྲེལ་ནས་ངལ་གསོས་ཆོག་པ་རེད།

དྲུག   ཟླ་མཆོད་དུས་ཆེན་གྱི་གུང་གསེང་སྤྱི་ཟླ9བའི་ཚེས24ཉིན་ཡིན་པ་དང་གཟའ་མཇུག་དང་འབྲེལ་ནས་ངལ་གསོས་ཆོག་པ་རེད།

བདུན། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྤྱི་ཟླ10བའི་ཚེས1ཉིན་ནས་ཚེས7ཉིན་བར་ཡིན་པ་དང་། བསྡོམས་པའི་ཉིན་7ལ་ངལ་གསོས་ཆོག་ཅིང་།   སྤྱི་ཟླ9བའི་ཚེས29ཉིན་(གཟའ་སྤེན་པ)དང་ཚེས30ཉིན་(གཟའ་ཉི་མ)ལས་ཚོགས་སུ་ཞུགས་དགོས་པ་རེད།  

གུང་གསེང་གི་སྐབས་སུ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལས་རེས་དང་བདེ་འཇགས། སྲུང་སྐྱོབ་སོགས་ཀྱི་ལས་ཀ་བཀོད་སྒྲིག་ལེགས་པོ་བྱེད་དགོས་ཤིང་། གློ་བུར་དུ་བྱུང་བའི་དོན་རྐྱེན་ཚབས་ཆེན་ལ་ཐུག་ཚེ།  གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ་མ་ཟད་ཐག་གཅོད་འོས་འཚམ་བྱས་ཏེ།  མི་དམངས་མང་ཚོགས་བདེ་ཞིང་སྐྱིད་པའི་ངང་ནས་དུས་ཆེན་ཁག་རོལ་བར་འགན་སྲུང་བྱེད་དགོས།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།