ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་སྣེ་ཤན་པ2600ལྷག་གིས་གློག་རྡུལ་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་བཀོལ་སྤྱོད་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   རང་ཞིང་གིས་གློག་རྡུལ་ཡུལ་སྐོར་ལག་ཁྱེར་བྱང་བུ་བརྗེ་བའི་བྱ་བ་ཁྱོན་ཡོངས་ནས་སྤེལ་ཏེ། ད་སྔར་ཡུལ་སྐོར་སྣེ་ཤན་པ2600ལྷག་གི་གློག་རྡུལ་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་ཞིབ་བཤེར་ཆོག་མཆན་དང་སྒྲིག་བཟོ། ལག་ཁྱེར་སྟེར་བའི་བྱ་བ་ལེགས་འགྲུབ་བྱས་ཡོད།

གློག་རྡུལ་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་ཁྱོན་ཡོངས་ནས་བཀོལ་སྤྱོད་བྱས་རྗེས།    ཡུལ་སྐོར་བས་གློག་རྡུལ་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་སྟེང་གི་རྩ་གཉིས་རྟགས་རིས་བརྒྱུད་ནས་ཡུལ་སྐོར་སྣེ་ཤན་པའི་ཐོབ་ཐང་ཆ་འཕྲིན་དང་ལས་རིགས་ཆ་འཕྲིན།  སྤྱི་ཚོགས་ཀྱི་དཔྱད་འཇོག  བྱ་དགའི་ཆ་འཕྲིན་དང་ཚོགས་ཁག་གི་ཡིག་ཚགས་ཆ་འཕྲིན་སོགས་ཤེས་ཐུབ་པ་མ་ཟད། ཡུལ་སྐོར་སྣེ་ཤན་པའི་ཞབས་ཞུ་ལ་དཔྱད་འཇོག་དང་གཏུགས་བཤེར་བྱས་ཆོག     དུས་མཚུངས་སུ་གློག་རྡུལ་ཡུལ་སྐོར་སྣེ་ཤན་པའི་ཟིན་ཐོ་བཀོད་པའི་ལས་རིགས་ཡིག་ཚགས་དེ་མ་འོངས་པར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་ཆ་འཕྲིན་མཉམ་སྤྱོད་བྱེད་པར་མངོན་འགྱུར་བྱེད་ཐུབ།  

ད་ལོའི་ཟླ་གསུམ་པ་ནས་བཟུང་སྟེ་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་ལྟ་སྐུལ་དོ་དམ་དང་རིམ་པ་མང་པོའི་གསོ་སྦྱོང་བྱེད་པ།  ཡིག་ཆ་བཀྲམས་ནས་ལྟ་སྐུལ་བྱེད་པ།  སྐད་འཕྲིན་ཚོགས་པ་བཙུགས་ནས་བརྗེ་རེས་དང་བློ་འདྲིའི་ཁ་པར་ཨང་གྲངས་སྤྱི་བསྒྲགས་བྱེད་པ། ཆེད་བསྐོས་མི་སྣ་རྩ་འཛུགས་བྱས་ཏེ་འགན་ཁུར་དུ་འཇུག་པ་སོགས་ཀྱི་བྱེད་ཐབས་མང་བོ་སྤྱད་དེ་ལག་ཁྱེར་བརྗེ་བའི་བྱ་བ་ཧུར་བསྐྱེད་ཀྱིས་སྐུལ་འདེད་བྱས་ནས།    ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་ཞིབ་བཤེར་ཆོག་མཆན་བྱ་བ་“བདག་སྤྲོད་ནས་ཞིབ་མཆན་དེ་ནས་སྒྲིག་བཟོ་དང་ལག་ཁྱེར་སྟེར་བའི”ཞབས་ཞུའི་མ་དཔེ་རུ་མངོན་འགྱུར་བྱས།    ལག་ཁྱེར་བརྗེ་སྤོར་བྱེད་པའི་སྐབས་སུ།   ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ཡུལ་སྐོར་སྣེ་ཤན་པའི་གསོ་སྐྱོང་འཛིན་གྲྭ་བསྒྲབས་ཏེ་ཞིང་ཆེན་ནང་ཁུལ་ནས་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་ཆེད་མཁས་པ་གདན་ཞུ་བྱས་ཏེ།  《ཡུལ་སྐོར་སྣེ་ཤན་པའི་དོ་དམ་སྲོལ་ཡིག》དང《ཡུལ་སྐོར་སྣེ་ཤན་པའི་དོ་དམ་བྱེད་ཐབས》གསལ་འགྲེལ་བྱས་ནས་ཡུལ་སྐོར་སྣེ་ཤན་པའི་ཁྲིམས་ལུགས་འདུ་ཤེས་དང་ལས་རིགས་སྤྱོད་ལམ། སྐྱེ་ཁམས་ཁོར་སྲུང་འདུ་ཤེས་ཇེ་དྲག་ཏུ་བཏང་།  

གློག་རྡུལ་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་ལ་ས་ཁོངས་རང་བཞིན་གྱི་བཀག་སྡོམ་བྱེད་མི་ཐུབ་ལ་ཐད་ཀར་དུ་རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་སྟེར་དགོས་པས་རྒྱལ་ཡོངས་ནས་གཅིག་གྱུར་གྱིས་དོ་དམ་བྱེད་པ་ཡིན།