མཚོ་ལྷོ་གསེར་ཆེན་རྫོང་དུ་ཨ་མདོའི་རྩེད་རིག་གི་ཆེད་ཚོགས་དགོང་ཚོགས་ཐོག་མ་བསྡུས་པ།

དགོང་ཚོགས་འཚོག་པའི་ཡུལ་དངོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ཁྲོད་བསྟན་པའི་རིག་གནས་ཀྱི་ཡིད་ཆེས་བརྟན་སྲུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་པ་དང་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། རིག་དངོས་སྲུང་སྐྱོབ་ཀྱི་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུད་འཛིན་ལ་ཤུགས་སྣོན་བྱེད་པ་བཅས་མངོན་འགྱུར་བྱེད་ཆེད། ཟླ11པའི་ཚེས30ཉིན། མཚོ་ལྷོ་ཁུལ་གྱིས་གསེར་ཆེན་རྫོང་གི་སྐབས་དང་པོའི་ཨ་མདོའི་རྩེད་རིག་ཆེད་ཚོགས་དགོང་ཚོགས་བསྡུས་པ་རེད། ཐེངས་འདིའི་དགོང་ཚོགས་ལ་གསེར་ཆེན་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་གསེར་ཆེན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་འགན་སྒྲུབ། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་གིས་རོགས་སྒྲུབ་བཅས་གནང་ཡོད།


ཨ་རྩེད་འཁྲབ་སྟོན་བྱེད་པ།

ཨ་རྩེད་འཁྲབ་སྟོན་བྱེད་པ།  

ཐེངས་འདིའི་ཆེད་ཚོགས་དགོང་ཚོགས་སྟེང་《ལོ་རྒྱུས་ཀྱི་དྲན་སྣང》དང《གནའ་དེང་གི་སྒེག་ཉམས》། 《ལོ་བརྒྱའི་རྒྱུད་འཛིན》བཅས་ལེ་ཚན་ཆེན་པོ་གསུམ་གྱིས་གྲུབ་ཅིང་། ཨ་རྩེད་ཀྱི་ལོ་རྒྱུས་དང་འཕེལ་རྒྱས་དེ་སྐུད་ཐིག་གི་ཉམས་འགྱུར་ལ་བརྟེན་ནས་མང་ཚོགས་ཀྱི་མདུན་དུ་འཁྲབ་སྟོན་བྱས་ཡོད། ཐེངས་འདིའི་ཆེད་ཚོགས་དགོང་ཚོགས་སྟེང་འཁྲབ་སྟོན་བྱས་པའི་ཨ་རྩེད་ཀྱི་རིགས་ལ《གླུ་གར་ལ་བྱང་ན་ཇེ་ཡག་རེད》ཅེས་པ་དང་། 《བཀྲ་ཤིས་མདའ་དར》། 《རྒྱ་འགྲོ་རྩེད》། 《ཞང་མ་ལ》། 《ཕ་བླ་མ》། 《ཨ་རིག་མ》སོགས་ཡོད་ལ། དགོང་ཚོགས་སྟེང་གི་ལེ་ཚན་མི་འདྲ་བ་བཅོ་བརྒྱད་སོ་སོར་རང་རང་གི་ཁྱད་ཆོས་ལྡན་པ་མ་ཟད། ས་ཁུལ་མི་འདྲ་བའི་ཁྱད་ཆོས་བཅས་ཀྱིས་རྩེད་རིག་འཁྲབ་སྟོན་གྱི་སྣ་འཛོམས་རང་བཞིན་དེ་ཚུར་སྣང་བྱས་ཡོད།

དགོང་ཚོགས་འཚོག་པའི་ཡུལ་དངོས། 

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། གསར་ཆེན་རྫོང་གིས་ལོ་འདི་དག་གི་རིང་ལ་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པ་དེ་རིག་གནས་འཆམ་མཐུན་དར་རྒྱས་ཀྱི་བསྡུས་གཟུགས་གལ་ཆེན་དུ་འཛིན་པ་རྒྱུན་འཁྱོངས་ཀྱིས་རིག་གནས་ཅན་གྱི་རྫོང་འཛུགས་བསྐྲུན་བྱེད་པ་དེ་ནང་དོན་གཙོ་བོར་བཟུང་ནས་བློ་སེམས་རྩེ་གཅིག་གིས་སྔོག་འདོན་དང་སེམས་གནད་མོས་སྲུང་སྐྱོབ་བྱས་པ་བརྒྱུད་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་དང་བྱེད་ནུས་ལ་འགན་སྲུང་ཆེན་པོ་ཐོབ་པ་རེད། རྩེད་རིག་ནི་མདོ་དབུས་མཐོ་སྒང་གི་ཆེས་དཀོན་པའི་མེ་ཏོག་རྐང་ཡིན་པའི་ཆ་ནས་གླུ་དང་གར་གྱི་བྱེད་ཐབས་ལ་བརྟེན་ནས་ཕ་ཡུལ་དང་རང་བྱུང་ཁམས་ཀྱི་མཛེས་ལྗོངས་ལ་བསྟོད་བསྔགས་བྱེད་པའི་འཁྲབ་སྟོན་རང་བཞིན་གྱི་རྣམ་པ་ཞིག་ཡིན། གསེར་ཆེན་རྫོང་གིས་ས་གནས་རིག་གནས་ཀྱི་ཉིང་བཅུད་དང་མང་ཚོགས་ཀྱིས་མི་རིགས་རིག་གནས་རྒྱུན་འཛིན་བྱེད་པའི་མཐོ་རླབས་བརྒྱུད་རྩེད་རིག་རིག་གནས་དེ་ཨ་མདོའི་ས་ཁུལ་དུ་དར་ཁྱབ་ཆེ་ཞིང་འཕེལ་རྒྱས་ཆེ་བའི་མི་རིགས་ས་ཁུལ་གྱི་ཕུན་སུམ་ཚོགས་པའི་ས་གནས་ཤིག་ཡིན་པའི་ཆ་ནས་རྒྱ་ཆེ་བའི་མང་ཚོགས་ཀྱི་ཟབ་ཞུགས་རང་བཞིན་དང་སྤྱི་ཚོགས་རྨང་གཞི་ཆེན་པོ་ལྡན།

ཨ་རྩེད་འཁྲབ་སྟོན་བྱེད་པ།

ཨ་རྩེད་འཁྲབ་སྟོན་བྱེད་པ།

ཐེངས་འདིར་ཆེད་ཚོགས་སྤེལ་བ་བརྒྱུད། གསེར་ཆེན་རྫོང་གིས་སྔར་ལས་ལེགས་པའི་སྒོ་ནས་རྩེད་རིག་ཅེས་པའི་གནའ་བོའི་རིག་གནས་སྒྱུ་རྩལ་འདི་སྔོག་འདོན་དང་སྲུང་སྐྱོབ། རྒྱུན་འཛིན། དར་སྤེལ་བཅས་སུ་བཏང་བ་དང་། མི་རྣམས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་དང་། རིག་གནས་ལས་དོན་གཏན་འཇགས་འཕེལ་རྒྱས་སུ་འགྲོ་བར་ཡང་སྐུལ་འདེད་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།