དུས་རབས་གསར་བ་དང་བསམ་བློ་གསར་བ། དམིགས་འབེན་གསར་བ། འཐབ་ལམ་གསར་བ་བཅས་ཀྱིས་ཡོངས་འཛིན་འཚོལ་བཤེར་སློབ་རར་སྐྱོད་པའི་བྱ་འགུལ་སྤེལ་བ།

ཡོངས་འཛིན་འཚོལ་བཤེར་སྔར་ལས་དར་སྤེལ་གཏོང་ཆེད། ཟླ་བཅུ་གཅིག་པའི་ཟླ་དཀྱིལ་ལ། ཡོངས་འཛིན་འཚོལ་བཤེར་དྲིལ་སྒྲོག་ཚོགས་པས་དུས་རབས་གསར་བ་དང་བསམ་བློ་གསར་བ། དམིགས་འབེན་གསར་བ། འཐབ་ལམ་གསར་བ་བཅས་གཞིར་བཟུང་སྟེ་སློབ་རར་སྐྱོད་པའི་བྱ་འགུལ་སྤེལ་བ་རེད།

ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དུ་ཡུལ་དངོས་ཁྱབ་སྒྲོག་བྱེད་བཞིན་པ།

མང་རྫོང་མི་རིགས་སློབ་འབྲིང་དུ་ཡུལ་དངོས་ཁྱབ་སྒྲོག་བྱེད་བཞིན་པ།

ཐེངས་འདིའི་བྱ་འགུལ་དེ་མཚོ་སྔོན་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་དང་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པ། མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོ། མདའ་བཞི་རྫོང་མདོ་ལ་རི་བོའི་སློབ་འབྲིང་། རྐང་ཚ་རྫོང་མི་རིགས་སློབ་འབྲིང་། དར་མཚོ་རྫོང་མི་རིགས་སློབ་འབྲིང་དང་པོ་དང་མི་རིགས་སློབ་འབྲིང་གཉིས་པ། དར་མཚོ་རྫོང་བོད་སྨན་ཁང་། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ། མང་རྫོང་མི་རིགས་སློབ་འབྲིང་། མང་རྫོང་མི་རིགས་སློབ་འབྲིང་གཉིས་པ། འབའ་རྫོང་མི་རིགས་སློབ་འབྲིང་། འབའ་རྫོང་མི་རིགས་སློབ་འབྲིང་གཉིས་པ་སོགས་སློབ་འབྲིང་མི་འདྲ་བ13དང་སྨན་ཁང་སོགས་ལ་ཁྱབ་སྒྲོག་བྱ་འགུལ་སྤེལ་བ་རེད།

མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོ་རུ་ཡུལ་དངོས་ཁྱབ་སྤེལ་བྱེད་བཞིན་པ།  

མང་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་ཡུལ་དངོས་ཁྱབ་སྤེལ་བྱེད་བཞིན་པ།

ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ཀྱིས་སློབ་ར་དམིགས་འབེན་དུ་བཟུང་ནས། ཡོངས་འཛིན་གྱི་ཁྱད་ལྡན་སྤྱོད་ནུས་དང་བེད་སྤྱོད་བྱེད་སྟངས་གཞིར་བཟུང་ནས་ཞིབ་ཕྲའི་མཚམས་སྦྱོར་གནང་བ་བརྒྱུད་ཕན་འབྲས་ལེགས་པོ་ཐོན། དེར་མ་ཟད། ཡོངས་འཛིནAPPཕབ་ལེན་དང་། སྤྱོད་མཁན་ཐོ་འགོད། གྲངས་མཛོད་ཐོན་ཁུངས་ཡར་སྤྲོད་སོགས་ཀྱི་བྱེད་ཐབས་ཐད་ཡུལ་དངོས་ནས་ཆེད་དོན་མཚམས་སྦྱོར་བྱས་ལ། ཡོངས་འཛིན་དྲིལ་སྒྲོག་ཤོག་ལྷེ་དང་ཡུལ་དངོས་ནས་དོགས་གཞིར་དྲིས་ལན་འདེབས་པ། ཕན་ཚུན་ལ་མྱོང་ཚོར་འབྲེལ་འདྲིས་བཅས་ཀྱི་རྣམ་པ་བརྒྱུད། མི་ཐེངས5462ཀྱི་ཡུལ་དངོས་དྲིལ་སྒྲོག་ལེགས་འགྲུབ་བྱུང་།

བྱ་འགུལ་ཁྲོད་ཡུལ་དངོས་ནས་ཡོངས་འཛིནAPPཕབ་ལེན་བྱེད་བཞིན་པ།

སློབ་མ་དག་གིས་ཡོངས་འཛིན་དྲིལ་སྒྲོག་ལག་དེབ་ལ་ལྟ་བཞིན་པ།

དྲིལ་སྒྲོག་ལ་ཞུགས་པའི་མི་རྣམས་ཀྱིས་ཡོངས་འཛིན་འཚོལ་བཤེར་གྱི་བེད་སྤྱོད་ཀྱིས་རང་ཉིད་དུས་རྒྱུན་གྱི་བྱ་བ་དང་སློབ་སྦྱོང་ལ་རོགས་རམ་ཆེན་མོ་ཐོན་ངེས་པར་བསྟན་ཞིང་། ཡོངས་འཛིན་འཚོལ་བཤེར་གྱིས་སྟབས་བདེ་བའི་ཆ་འཕྲིན་ཅན་གྱི་ཚོང་རའི་དགོས་མཁོ་བསྐངས་པས། མང་ཚོགས་ལ་སྤྱོད་འཐུས་རང་བཞིན་དང་སྟབས་བདེ་རང་བཞིན་ཆེན་མོ་བསྐྲུན། མིག་སྔར། ཡོངས་འཛིན་འཚོལ་བཤེར་གྱི་ཀློག་གྲངས་བསྟུད་མར་གོང་མཐོར་འགྲོ་བཞིན་ཡོད་ཅིང་། མི་ཐེངས་དུང་ཕྱུར3ཡི་ཀློག་གྲངས་ལས་བརྒལ་བ་དང་། ཉིན་རེར་ཆ་སྙོམས་འཚོལ་བཤེར་བྱེད་ཚད་ཐེངས་ཁྲི160ཡས་མས་སུ་སླེབས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།