ཝང་ཧུའུ་ཉིང་གསར་བརྗེའི་གྲུ་གཟིངས་དམར་པོའི་སྙིང་སྟོབས་དར་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང།

 

ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། གསར་བརྗེའི་གྲུ་གཟིངས་དམར་པོའི་སྙིང་སྟོབས་དར་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཀྲའེ་ཅང་ཅ་ཞིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

གསར་བརྗེའི་གྲུ་གཟིངས་དམར་པོའི་སྙིང་སྟོབས་དར་སྤེལ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན་ཀྲའེ་ཅང་ཅ་ཞིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཝང་ཧུའུ་ཉིང་གིས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པ་དང་རྒྱས་བཤད་མཛད་པའི་གསར་བརྗེའི་གྲུ་གཟིངས་དམར་པོའི་སྙིང་སྟོབས་ཀྱི་ནང་དོན་གཏིང་ཟབ་ཅིང་དུས་རབས་ཀྱི་རིན་ཐད་ལྡན་པར་མ་ཟད། ནན་ཧུའུ་མཚེའུའི་གསར་བརྗེའི་གྲུ་གཟིངས་དམར་པོར་རྗེས་དྲན་བྱེད་སྐབས་དུས་རབས་ཀྱི་ཁྱད་ཆོས་དང་སྦྲེལ་ནས་སྟོབས་ཤུགས་ཡོད་རྒུས་གསར་བརྗེའི་གྲུ་གཟིངས་དམར་པོའི་སྙིང་སྟོབས་དར་སྤེལ་བྱེད་པ་དང་། གསར་བརྗེའི་གྲུ་གཟིངས་དམར་པོའི་སྙིང་སྟོབས་དུས་གཏན་དུ་འོད་སྟོང་འབར་བར་བྱེད་དགོས་ཞེས་ནན་གྱིས་བསྟན། ཝང་ཧུའུ་ཉིང་གིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེའི་གྲུ་གཟིངས་དམར་པོའི་སྙིང་སྟོབས་དར་སྤེལ་བྱེད་པ་སོགས་གསར་བརྗེའི་སྙིང་སྟོབས་སྐོར་གྱི་མཛུབ་སྟོན་གལ་ཆེན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རླབས་ཆེན་སྙིང་སྟོབས་ཀྱིས་རླབས་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་བར་ཡར་སྐུལ་དང་སྐུལ་མ་གཏོང་དགོས་པར་མ་ཟད། ཐོག་མའི་བསམ་འདུན་མི་བརྗེད་པ་དང་ལས་འགན་དམ་པོར་བཅངས་པ། འབད་བརྩོན་ལྷོད་མེད་བྱེད་པ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་གཏན་ལ་ཕབ་པའི་ལས་འགན་སྣ་ཚོགས་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

བཞུགས་མོལ་ཚོགས་འདུ་མ་ཚོགས་གོང་། གྲོས་ཚོགས་སུ་ཞུགས་པའི་མི་སྣས་ནན་ཧུའུ་མཚེའུའི་གསར་བརྗེའི་གྲུ་གཟིངས་དམར་པོར་མཉམ་དུ་རྗེས་དྲན་བྱས་པ་དང་། ནན་ཧུའུ་གསར་བརྗེའི་རྗེས་དྲན་ཁང་ལ་ལྟ་སྐོར་བྱས།