མཚོ་ཤར་གྲོང་ཁྱེར་གྱིས་ཟས་རིགས་བདེ་འཇགས་བྱ་བ་དེ་སྲ་བརྟན་ཅན་དུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོ་ནས་བཟུང་མཚོ་ཤར་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ནན་ཏན་སྒོས་རིགས་སོ་སོའི་བྱ་བ་ལེགས་པོར་སྤེལ་བ་བརྒྱུད་གོམ་གང་མདུན་སྤོས་སྒོས་གྲོང་ཁྱེར་ཡོངས་ཀྱི་ཟས་རིགས་བདེ་འཇགས་ཀྱི་གནས་བབ་དེ་སྲ་བརྟན་ཅན་དུ་བཏང་ཞིང་། ཆེས་ཐོག་མར་ཟས་རིགས་ཀྱི་འགོ་ཁུངས་ནས་མཇུག་མཐའི་བར་ཀྱི་གོ་རིམ་ཆ་ཚང་ལ་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་པ་མངོན་འགྱུར་བྱས་ཡོད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། མཚོ་ཤར་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟས་རིགས་བདེ་འཇགས་ཐད་ཀྱི་འགན་འཁྲི་དམ་འཛིན་གྱིས་མཚོ་ཤར་གྲོང་ཁྱེར་གྱི་ཟས་རིགས་ཐོན་སྐྱེད་ཚོང་གཉེར་མཁན་དང་བཟའ་བཏུང་ཞབས་ཞུའི་ལས་ཁུངས་ཀྱིས་ཟས་རིགས་ཀྱི་རྒྱུ་སྤུས་བདེ་འཇགས་ཐད་ཀྱི་འགན་འཁྲིའི་བརྡ་སྦྱོར་ཞེས་པ་པར་བསྐྲུན་འགྲེམས་སྤེལ་བྱས་ནས། ཟས་རིགས་ཀྱི་ཐོན་སྐྱེད་དང་བཟའ་བཏུང་གི་ཞབས་ཞུའི་ལས་ཁུངས་སོ་སོའི་གཙོ་སྒྲུབ་ཐོབ་ཐང་། ཐོན་སྐྱེད་ཚོང་གཉེར་སྒྲིག་སྲོལ། ལམ་སྲོལ་དོ་དམ། བདེ་འཇགས་ཉེན་ཁའི་ཚད་གཞི། སྐབས་བསྟུན་དོན་རྐྱེན་ཐག་གཅོད་སོགས་ནས་འགོ་བརྩམས་ཏེ། གོམ་གང་མདུན་སྤོས་ཀྱིས་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་གཏན་ཁེལ་གྱིས་ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལ་ཁག་ཐེག་བྱས་ཏེ་བྱེད་ནུས་འདོན་སྤེལ་བྱས་ཡོད། དུས་མཉམ་དུ་གོམ་གང་མདུན་སྤོས་སྒོས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་འགན་འཁྲི་ལག་ལེན་གྱིས་གཅིག་གྱུར་གྱི་སྙོམས་སྒྲིག་དང་དམངས་ཕན་མཐོར་འདེགས། འགན་འཁྲི་གཅིག་གྱུར་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ད་བཟོད་མཚོ་ཤར་གྲོང་ཁྱེར་གྱི་ཟས་རིགས་ལྟ་སྐུལ་དོ་དམ་མ་ལག་གི་བྱ་བའི་ཁེ་དབང་འཆར་འགོད་ཇུས་གཞི་ཚོད་ལྟའི་ལག་བསྟར་བྱེད་པའི་བརྡ་སྦྱོར་འགྲེམས་སྤེལ་བྱས་ཏེ་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ཁེ་དབང་གི་འགན་འཁྲི་གཏན་ཁེལ་བྱས་པ་རེད།

མཚོ་ཤར་གྲོང་ཁྱེར་གྱི་རྫོང་སོ་སོ་དང་ས་ཁུལ་བཅས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་གཅིག་གྱུར་སྒོས་གསབ་སྦྱོང་བྱས་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ལྟ་སྐུལ་དོ་དམ་མི་སྣ95ཟབ་ཞུགས་ ཀྱིས་བཟའ་བཏུང་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་གི་ཡུལ་དངོས་སློབ་ཁྲིད་དང་གསབ་སྦྱོང་ཚོགས་འདུར་ཞུགས་ནས་ཟས་རིགས་བདེ་འཇགས་ཀྱི་གང་ལ་དོ་དམ་བྱེད་པ་དང་ཇི་ལྟར་དོ་དམ་བྱེད་པའི་གནད་དོན་མང་པོ་ཐག་གཅོད་གང་ལེགས་བྱས་ཡོད། དེ་མིན་དུས་ངེས་མེད་དུ་ཉིན་རྒྱུན་འཚོ་བའི་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་གཙོ་བོར་བཟུང་ནས་རྩད་གཅོད་ཀྱིས་ལྟ་སྐུལ་ཞིབ་བཤེར་གྱི་ཁྱབ་ཁོངས་གཙོ་བོ་གཏན་ཁེལ་བྱས་ཏེ་གོ་རིམ་གལ་ཆེན་དང་ཐོན་རྫས་གལ་ཆེན་གཏན་ལ་ཕབས། སྤྱི་ཚོགས་ཀྱི་དོ་ཁུར་ལ་མཐོང་ཆེན་བྱེད་པ་དང་ཉེན་ཁའི་ཚད་གཞི་མཐོ་བ། ཉིན་རྒྱུན་འཚོ་བའི་འཛད་སྤྱོད་ཀྱི་ཁ་གྲངས་མཐོ་བ་སོགས་གཙོར་བཟུང་ནས་ལྟ་སྐུལ་ཞིབ་བཤེར་བྱ་བའི་འཆར་གཞི་གཏན་ཁེལ་བྱས་ཏེ་དུས་ཚོད་གཏན་ཁེལ་གྱིས་ཟས་རིགས་བདེ་འཇགས་ཐད་ལ་བྱ་བ་ལེགས་པོར་སྒྲུབ་པས། གནད་དོན་ཐག་གཅོད་བྱེད་པའི་ཚད་གཞི་ཇེ་མཐོར་བཏང་བ་མ་ཟད་དུས་ལྟར་གནད་དོན་ཟས་རིགས་ཀྱི་གནད་དོན་དང་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་སྤྱི་བསྒྲགས་བྱས་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྒོལ་རྡུང་དྲག་པོ་བྱས་པ་རེད།

དེ་ལས་གཞན་མཚོ་ཤར་གྲོང་ཁྱེར་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ད་རུང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་གྲྭའི་གསོལ་ཁང་ལ་ཆེད་དོན་དག་ཐེར་བྱས་ཡོད། སློབ་གླིང་གི་ཟས་རིགས་བདེ་འཇགས་ལྟ་སྐུལ་སྔོན་འགོག་སྲ་བརྟན་དུ་བཏང་སྟེ་བཟའ་བཏུང་ཞབས་ཞུའི་ལས་རིགས་ཀྱི་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་ཆུ་ཚད་མཐོར་འདེགས་སུ་བཏང་། བརྡ་འཕྲིན་ཅན་གྱི་འཛུགས་བསྐྲུན་ལ་ཤུགས་སྣོན་དང་སྣ་འཛོམས་ལྟ་སྐུལ་དོ་དམ་སྟེགས་བུ་འཛུགས་བསྐྲུན་གྱིས་དོན་རྐྱེན་ཆེན་པོ་མི་འབྱུང་བ་དང་མ་ལག་རང་བཞིན་དང་ཁྱབ་ཁོངས་རང་བཞིན་གྱི་ཉེན་ཁ་མི་འབྱུང་བར་ཚོད་འཛིན་བྱས་ཏེ། ཟས་རིགས་བདེ་འཇགས་ཀྱི་གནས་བབ་སྲ་བརྟན་ཅན་ལ་འགྲོ་བ་རྒྱུན་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཁ་ཟས་བདེ་འཇགས་ལ་འགན་སྲུང་ཁག་ཐེག་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།