ཟི་ལིང་གི་སློབ་གསོ་ཁོངས་གཏོགས་ཀྱིས་རྩ་ཁྲིམས་ཉིན་མོ་བརྗོད་གཞི་བྱས་པའི་བྱེད་སྒོ་སྤེལ་བ།

པར་ནི་སློབ་གསོ་ཁོངས་གཏོགས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཉིན་མོའི་བརྗོད་བྱར་བཟུང་བའི་སློབ་གསོའི་བྱེད་སྒོ་སྤེལ་པའི་ཡུལ་དངོས་ཡིན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་གཏིང་ཟབ་དང་། གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་། ལས་རིགས་སློབ་གྲྭའི་སློབ་མའི་ཁྲོད་རྩ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་དང་། རྩ་ཁྲིམས་སློབ་གསོ་ལ་ཤུགས་སྣོན། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བཅས་བྱེད་ཆེད། ཟླ12པའི་ཚེས4 ཉིན་ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་ཟི་ལིང་གི་སློབ་འབྲིང་གཉིས་པར་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི 12 • 4 རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་དང་རྒྱལ་ཡོངས་ཁྲིམས་ལུགས་དྲིལ་བསྒྲགས་ཉིན་མོ་བརྗོད་བྱར་བཟུང་བའིི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

ལོ་ཙཱ་བ། གཡང་སྐྱིད།