མང་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་རྐང་ཟུག་པར་བྱས་ཡོད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མང་རྫོང་གིས་དོན་དངོས་ལ་རྐང་བཙུགས་སྟེ་གཙོ་གནད་འབུར་དུ་བཟུང་ནས་གསར་གཏོད་ཐད་དུ་རིམ་པ་གཉིས་དང་ཚོགས་པ་གཅིག རུ་ཁག་བཅུ་གཉིས་ཀྱི་བྱ་བའི་བྱེད་ཐབས་ལྟར་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་དེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་སྟེང་བཞག་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དེ་གཞི་རིམ་མང་ཚོགས་ཁྲོད་རྐང་ཟུག་དུ་བཅུག་ཡོད།

མང་རྫོང་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲང་ཧྲིན་ཅོན་གྱིས་ངོ་སྤྲོད་བྱེད་རྒྱུར། རང་ས་གནས་ཀྱིས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་ཀྱི་རིམ་པ་དང་ཁོངས་གཏོགས་ཤང་དང་གྲོང་བརྡལ་དྲུག རྫོང་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་རིམ་པ་གཉིས་བྱས་ཏེ་ཞིང་ཆེན་དང་ཁུལ་གྱི་ཤེས་ལྡན་མི་སྣ་དང་སློབ་དཔོན་ཆེན་པོ་གདན་འདྲེན་གྱིས་རྫོང་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དག་ལ་ཆེད་དོན་ཟུར་ཁྲིད་བྱས་ཤིང་། དུས་བགོས་ལྟར་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དག་གཞི་རིམ་ལས་ཁུངས་སོ་སོར་མངགས་གཏོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དྲིལ་སྒྲོག་བྱས་པ་རེད། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་ཉིན་མོའི་བྱེད་སྒོ་སྤེལ་བའི་བརྗོད་དོན་མཛུབ་སྟོན་ཁྲོད་ཟབ་ཞུགས་བྱས་ཤིང་བསམ་བློ་བརྗེ་རེས་དང་རིག་གཞུང་བགྲོ་གླེང་གནང་། དུས་མཉམ་དུ་འགོ་ཁྲིད་ལས་བྱེད་པས་ཆེད་དོན་འཆད་ཁྲིད་གནང་བ་བརྒྱུད་ཏང་ཡོན་ལས་བྱེད་པ་དག་ལ་ཆེད་དོན་གསབ་སྦྱོང་སྤྲད་ནས། འགོ་ཁྲིད་ལས་བྱེད་པས་གཞུང་ལུགས་ལ་རྒྱུགས་ལེན་པ་དང་ཏང་གི་ལོ་རྒྱུས་སློབ་གསོའི་གློག་བརྙན་ལ་ལྟ་བ་སོགས་ཆེད་དོན་སློབ་སྦྱོང་བྱ་འགུལ་རིགས་མི་འདྲ་བ་དགུ་ལྷག་སྤེལ་བ་དང་ཤེས་བྱའི་འགྲན་སྡུར། གྲོང་སྐོར་རྐང་ཐང་འགྲན་སྡུར། སྙན་ངག་གྱེར་འདོན་དང་གཏམ་བཤད་འགྲན་སྡུར་སོགས་དོན་དངོས་བྱེད་སྒོ་མི་འདྲ་བ་དྲུག་ལྷག་སྤེལ་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་བཏོན་པའི་བསམ་བློ་གསར་བ་དང་དམིགས་འབེན་གསར་བ། འཐབ་ཇུས་གསར་བ་སོགས་ལ་རྒྱུས་ལོན་དང་ངོས་འཛིན་གཏིང་ཟབ་བྱེད་དུ་བཅུག་པ་རེད།

དུས་མཉམ་དུ་མང་རྫོང་གིས་ཚོགས་པ་གཅིག་གི་བྱེད་ནུས་འདོན་སྤེལ་རྩ་འཛུགས་བྱས་ཞིང་མང་རྫོང་ཏང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའུ་ཡིས་སྣེ་ཁྲིད་ནས་རྫོང་ཐད་གཏོགས་ལས་ཁུངས་དག་གི་ལས་བྱེད་མི་སྣའི་ཁྲོད་ནས་སྒྲོག་སྦྱོང་གི་ནུས་པ་ལྡན་པ་སྐོར་ཞིག་འདེམས་སྒྲུགས་ཀྱིས་རྒྱ་བོད་སྐད་གཉིས་ཤེས་པའི་ཕུལ་བྱུང་ལས་བྱེད་པ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ། ཏང་ཡོན་རྒན་པ་སོགས་ལ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་དུ་སྤེལ་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དེ་གཞི་རིམ་མང་ཚོགས་ཁྲོད་དྲིལ་སྒྲོག་བྱས་ནས་ཏང་གིས་མི་རིགས་ས་ཁུལ་དུ་ཐོན་པའི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་ཤུགས་མཐོར་འདེགས་སུ་བཏང་བ་རེད།

ལས་རིགས་སོ་སོའི་ཁྱབ་ཁོངས་མི་འདྲ་བ་དག་གི་ཁྱད་ཆོས་མི་འདྲ་བ་དང་དོན་དངོས་གནས་ཚུལ་གཞིར་བཟུང་ནས་མང་རྫོང་གིས་ལས་བྱེད་མི་སྣ་སྐོར་ཞིག་བདམས་ནས་རྫོང་རིམ་པའི་འགོ་ཁྲིད་དྲིལ་སྒྲོག་རུ་ཁག་དང་གཞིས་ཁུལ་དྲིལ་སྒྲོག་རུ་ཁག རིག་རྩལ་དྲིལ་སྒྲོག་རུ་ཁག་སོགས་དྲིལ་སྒྲོག་རུ་ཁག་ཆུང་ངུ་མི་འདྲ་བ12རྩ་འཛུགས་བྱས་ཏེ་ཁྱབ་ཁོངས་མི་འདྲ་བའི་ལས་བྱེད་མང་ཚོགས་ཀྱི་དངོས་ཡོད་བསམ་བློ་དང་ལག་ལེན་སོགས་ལ་བརྟེན་ནས་མང་ཚོགས་ཀྱིས་གོ་ཐུབ་ལ་གོ་སླ་བའི་ངང་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དེ་དྲིལ་སྒྲོག་གཏིང་ཟབ་བྱས་པ་བརྒྱུད་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་དྲིན་ཚོར་བ་དང་ཏང་གི་གཏམ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་དེ་གཞི་རིམ་མང་ཚོགས་ཁྲོད་དུ་རྐང་ཚུགས་པར་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།