དྲ་ཐོག་ནས་མེ་འཁོར་པ་སེ་ཉོ་སྐབས་སྐད་འཕྲིན་ལས་དངུལ་སྤྲད་ཆོག

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། སྐད་འཕྲིན་ལས་དངུལ་སྤྲད་ནས་པ་སེ་མངག་ཉོ་བྱེད་སའི་སྟེགས་བུ12306ལ་ཕྱོགས་ཡོངས་ནས་སྦྲེལ་ཡོད་པས།    འཛད་སྤྱོད་པས12306དྲ་བ་དང་ཁ་པར་ལས་མེ་འཁོར་པ་སེ་མངག་ཉོ་བྱེད་སྐབས།སྐད་འཕྲིན་ལས་དངུལ་སྤྲད་ཆོག་པ་དང་སྦྲགས་གྲོང་ཁྱེར་ཁག་གི་ལྕགས་ལམ་ཅུའུ་ཡི་པ་སེ་མངག་ཉོ་བྱ་སའི་དྲ་བ་དངATMརང་འཚོང་འཕྲུལ་ཆས་པ་སེ་མངག་ཉོ་བྱེད་ས་སོགས་སུ་ཡང་སྐད་འཕྲིན་ལས་དངུལ་སྤྲད་ཆོག་པ་རེད།