ཞིང་ཆེན་རྒྱལ་ཁོངས་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཁོངས་གཏོགས་མ་འཇོག་ཁེ་ལས་འཇོན་མིའི་དཔུང་སྡེ་བསྐྱེད་སྲིང་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   ཉེ་བའི་ལོ་འདི་འགར་ཞིང་ཆེན་རྒྱལ་ཁོངས་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གིས་འཇོན་མིའི་བྱ་བ་དེ་ཏང་འཛུགས་བྱ་བའི་ནང་དོན་གལ་ཆེན་དུ་འཛིན་པར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ།   འཇོན་མི་གསོ་སྐྱོང་དང་སྣེ་ཁྲིད། དོ་དམ་དང་བཀོལ་སྤྱོད་བྱེད་རྒྱུ་དེ་ཁེ་ལས་ཇེ་དྲག་ཏུ་གཏོང་བའི་འཐབ་ཇུས་བྱ་བ་གལ་ཆེན་དུ་འཛིན་པ་དང་དམ་འཛིན་བྱས།    འཇོན་མིའི་འཕེལ་རྒྱས་བགྲོད་ལམ་ལ་དམིགས་ཏེ་འཇོན་མི་བསྐྱེད་སྲིད་བྱེད་པའི་སྟེགས་བུ་བསྐྲུན་ནས་འཇོན་མིའི་གསར་སྐྲུན་གྱི་གསོན་ཤུགས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ནང་དཔལ་འབྱོར་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་འཇོན་མི་འདོན་སྤྲོད་དང་རྒྱབ་སྐྱོབ་བྱས།  

འཇོན་མི་ཇེ་ལེགས་སུ་གཏོང་བའི་གསོ་སྐྱོང་བདམས་ཐོན་འཆར་འགོད་སྲ་བརྟན་དུ་གཏོང་བ།   གཅིག་ནི་སྔོན་ལ་འཆར་འགོད་དང་རྗེས་ནས་གཏན་འབེབས་ལག་བསྟར་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ཁེ་ལས་ཀྱི་འཇོན་མི་བྱ་བའི་ལས་འགུལ་རྩ་འཛིན་དང་དམིགས་འབེན་ལས་འགན། བྱེད་ཐབས་གཙོ་བོ་གསལ་ཁ་གཅོད་པ།  གཉིས་ནི་སྤྱི་ཡོངས་ནས་སྣེ་ཁྲིད་དམ་འཛིན་བྱས་ཏེ་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ།  ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་སོགས་ལ་མཉམ་འབྲེལ་བྱས་ཏེ་ཕུལ་བྱུང་ན་གཞོན་ཁེ་ལས་མགོ་ཁྲིད་མི་སྣ100དང་ལག་རྩལ་མཐོ་བའི་འཇོན་མི་དང་འབྲིང་རིམ་དོ་དམ་མི་སྣ1000།   ལག་རྩལ་ཕུལ་བྱུང་ཅན་གྱི་འཇོན་མི་དང་རྩུལ་ནུས་མཐོ་བའི་འཇོན་མི10000ལྷག་ནང་འདྲེན་བྱས་ཏེ་གསོ་སྐྱོང་བྱེད་རྒྱུ་དེ་རེད།  

དཔུང་སྡེ་གྲུབ་ཚུལ་ཇེ་ལེགས་སུ་བཏང་སྟེ“ན་གཞོན་ཅན། ཤེས་ཡོན་ཅན།  ཆེད་ལས་ཅན”ལ་དམིགས་ནས་ཚན་རིགས་དང་མཐུན་པའི་སྒོ་ནས་ཁེ་ལས་མགོ་ཁྲིད་མི་སྣ་བཀོད་སྒྲིག་བྱས།   ད་སྔར་ཞིང་ཆེན་ཁོངས་གཏོགས་མ་འཇོག་ཁེ་ལས་མགོ་ཁྲིད་ཚན་པ18ཀྱི་ཁོངས་མིའི་ཁྲོད་ལོ་50མན་གྱི་མི་ཡིས་39.98%ཟིན་ཡོད་ལ།  སློབ་ཆེན་དངོས་གཞི་དང་སློབ་གྲྭར་འགྲོ་མྱོང་བའི་མི80.50%སླེབས་ཡོད།  མཐོ་རིམ་ལས་གནས་ཐོབ་པའི་མི་ཡི་ཟིན་ཚད72.88%སླེབས་ཡོད་པས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་མཇུག་དང་བསྡུར་ན་ཚད་མང་བོ་ཞིག་ནས་ཇེ་མཐོར་སོང་ཡོད་པ་རེད།