AIདང་VRགཉིས་ཀྱི་འཕེལ་ཕྱོགས་ལས་གང་ཞིག་ལས་གཏོད་ལ་འཚམ།

ཚན་རིག་ལག་རྩལ་གྱི་གསར་བྱུང་སྐར་ཆེན་གཉིས་AIདང་VRགཉིས་ཀྱི་ཁྲོམ་རའི་འཕེལ་ཕྱོགས་ཧ་ཅང་ཡངས་ན་ཡང་།ལས་གཏོད་ལ་འཚམ་པ་གང་ཡིན་སྐོར་ང་ཚོས་གཤིབ་བསྡུར་གྱི་ཚུལ་དུ་དབྱེ་ཞིབ་ཅིག་བྱས་ན།  ད་ཆ་  AIདང་VRགཉིས་ལ་ཀུན་གྱིས་གླེང་མོལ་ཚ་འུར་བྱེད་ཀྱི་ཡོད་མོད་ཀྱང་། དེ་དག་དོན་ངོ་མ་གང་ལ་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་མི་མང་ཤོས་ལ་གསལ་ཆ་ཆེན་པོ་ཡོད་ཀྱི་མ་རེད།  གཤམ་ནས་ང་ཚོས་དེ་གཉིས་ལ་ངོས་འཛིན་ཞིག་བྱ།
         AIནི་དབྱིན་ཡིག་ArtificialIntelligenceཡི་བསྡུས་འབྲི་ཡིན་ཏེ། མིས་བཟོས་རིག་ནུས་ལ་གོ་ཞིང་། མིའི་འདུ་ཤེས་དང་། བསམ་གཞིགས་གཏོང་སྟངས་ཀྱི་བརྒྱུད་རིམ་ལ་ལད་ཟློས་བྱེད་ཤེས་པའི་ལག་རྩལ་ཞིག་ཡིན། དེ་ནི་མིའི་རིག་སྟོབས་ངོ་མ་མ་ཡིན་ཡང་མི་དང་ཆ་འདྲ་བའི་བསམ་གཞིགས་དང་དེ་ལས་བརྒལ་བའི་རིག་སྟོབས་ཁྱད་པར་བ་འབྱུང་ནུས་པ་ཞིག་ཡིན།

VR ནི་དབྱིན་ཡིག་VirtualRealityཡི་བསྡུས་མིང་སྟེ་རྟོག་བཟོས་མངོན་སུམ་ལ་གོ་ཞིང་། དེས་རིག་ནུས་སྒྲིག་ཆས་ལ་རྩ་གསུམ་འཕྲུལ་སྣང་གི་འཇིག་རྟེན་ཞིག་མཁོ་འདོན་ཐུབ།  འཛད་སྤྱོད་པས་སྒྲིག་ཆས་འདི་བརྒྱུད་ནས་སྒྲིག་ཆས་ཀྱིས་མཁོ་འདོན་བྱས་པའི་ནང་དོན་མིག་མཐོང་ལག་ཟིན་གྱིས་ཚོར་མྱོང་ཐུབ་པའི་ལག་རྩལ་ཞིག་ཡིན། 

AIདང་VRགཉིས་ཀྱི་ཁྲོམ་རའི་གཞི་ཁྱོན་ཐད་ཀྱི་སྔོན་དཔག  

༢༠༡༥ལོརAIཡི་ཀྲུང་གོའི་ཁྲོམ་རའི་གཞི་ཁྱོན་ཨ་སྒོར་1000ལ་སླེབས།

ཀྲུང་གོའི་མ་འཇོག་བློ་འདྲི་བྱེད་སས་༢༠༡༦ལོ་ནས༢༠༢༠ལོའི་བར་ཀྲུང་གོའི་མིའི་བཟོས་རིག་གནས་ལས་རིགས་ལ་བརྟག་དཔྱད་ཞིབ་འཇུག་ཟབ་མོ་དང་དེ་བཞིན་མ་འཇོག་གི་མདུན་ལྗོངས་ལ་སྔོན་དཔག་བྱས་པའི་ཚགས་པར་ཐོག    རང་བྱུང་གི་སྐད་བརྡ་ཐག་གཅོད་དང་/ མི་འཕྲུལ་ལྷན་སྦྲེལ་གྱི་དྲ་ངོས་བཟོ་རྒྱུ་ནི་AIགཞན་དག་གིས་ཉེར་སྤྱོད་བྱེད་པའི་རྨང་གཞི་ཡིན། ༢༠༡༥ལོར་ཁྲོམ་ར་དེའི་གཞི་ཁྱོན་ཨ་སྒོར་དུང་ཕྱུར་300 ལ་སླེབས་ཡོད་པས།  ༢༠༢༥ལོར་སླེབས་དུས་རང་ཉིད་ལ་སློབ་སྦྱོང་དང་ཕན་ཚུན་ལ་སློབ་སྦྱོང་བྱེད་ཐུབ་པའི་མ་ཟད། མི་དང་མཉམ་ལས་ཐུབ་པའི་རིག་ལྡན་འཕྲུལ་མིའི་གཙོ་བོ་ཡིན་པའི་རྣམ་པ་ཞིག་ཆགས་ནས་བཟོ་ལས་འཕྲུལ་མི་ནང་ཁྲོམ་རའི་ཐོབ་སྐལ་བརྒྱ་ཆའི་25ཟིན་ཐུབ་ལ། ཁྲོམ་རའི་གཞི་ཁྱོན་ཨ་སྒོར་དུང་ཕྱུར༧༠༠ལ་སླེབས་ཐུབ་ཅེས་བརྗོད་ཡོད།

༢༠༡༠ལོརVRཡི་ཁྲོམ་རའི་གཞི་ཁྱོན་དེ་ཨ་སྒོར༡༢༠༠ལ་སླེབས།

DIGiCapitalཡི་སྙན་ཞུ་ཞིག་ནང་། 2016 ལོར་རྟོག་བཟོས་མངོན་སུམ་དང་མངོན་སུམ་གཅིག་གྱུར་གྱི་ལག་རྩལ་ཐད་ཀྱི་མ་དངུལ་འཇོག་གྲངས་འཕར་ཚད་ལ་དབྱེ་མཚམས་ཕྱེས།  དེ་ཡར་སྔོན་མ་འཇོག་སྒྲིག་གཞིའི་གྲངས་འབོར་ལ་ཚད་བཀག་ཡོད། ༢༠༡༦ལོ་ནས་བཟུང་མ་དངུལ་འཇོག་མཁན་འབོར་ཆེན་ཞིག་ཁྲོམ་ར་འདིར་འཚིང་ཁ་ཤིག་ཤིག་གིས་ཕྱོགས་འོང་བས།  ༢༠༢༠ལོར་སླེབས་དུས་རྟོག་བཟོས་མངོན་སུམ་དང་མངོན་སུམ་གཅིག་གྱུར་གྱི་ཁྲོམ་རའི་གཞི་ཁྱོན་དེ་ཨ་སྒོར་དུང་ཕྱུར་1200 ལ་སླེབས་ངེས་པས།  ཁྱབ་ཁོངས་འདིས་ན་གཞོན་རིམ་པའི་ཚན་རྩལ་ལས་གཏོད་པ་རྣམས་ལ་གོ་སྐབས་རྩ་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད་བཅས་བརྗོད་ཡོད་པ་ལས་གཞན། ད་དུང་༢༠༡༡ལོ་ནས་༢༠༡༥ལོའི་བར་ལ་རྟོག་བཟོས་མངོན་སུམ་དང་མངོན་སུམ་གཅིག་གྱུར་ཁྱབ་ཁོངས་ཀྱི་ཉེན་འཁུར་མ་འཇོག་ཐད་ལ་བརྒྱ་ཆའི128ཀྱི་ཁེ་་བཟང་ཐོབ་ཅིང་། དེའི་ནང་མ་འཇོག་གི་ཁེ་བཟང་ཆེས་མང་བ་ནི་Oculusཞེས་པའི་ཀུང་སི་ལྟ་བུ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།