གློག་ནུས་ཀྱིས་གཞན་གྱི་ཚབ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་དེ་གོམ་སྟབས་ཆེན་པོ་སྤོས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། མཚོ་སྔོན་ཞིང་ཆེན་ནི་གཙང་གསུམ་འགོ་ཁུངས་དུ་གནས་ཤིང་ཀྲུང་ཧྭའི་ཆུ་མཛོད་དང་ས་ཆེན་གྱི་མཁལ་རྩ་ཞེས་པའི་མཚན་སྙན་ཐོབ་ཡོད་པ་མ་ཟད། མཐོ་སྒང་གི་སྐྱེ་དངོས་སྣ་མང་ཅན་གཅིག་བསྡུས་ཀྱི་ས་ཁུལ་དུ་ཡང་གཏོགས། ཡ་གླིང་དང་གོ་ལའི་ཕྱེད་བྱང་མ། དེ་མིན་གོ་ལ་ཧྲིལ་བོའི་གནམ་གཤིས་འགྱུར་ལྡོག་ཐད་ལ་ཚོར་བ་མངོན་གསལ་ཅན་གྱི་ས་ཁུལ་ཡང་ཡིན། རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་ཁྲོད་བྱེ་བྲག་གི་དམིགས་གསལ་གྱི་གོ་གནས་གལ་ཆེན་བཟུང་ཡོད། མཚོ་སྔོན་ནི་ནུས་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་ཡིན་པས། མིག་སྔར་འོད་འགྱེད་གློག་འདོན་དང་འོད་ཚའི་གློག་འདོན། ཕན་ཚུན་རོགས་འདེགས་སོགས་ཀྱི་ཐད་ལ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུའི་ཁྲོད་བསྟན་དོན། ལྗང་མདོག་ཐན་འགྱུར་དམའ་བའི་འཚོ་བ་ཡི་རྣམ་པ་དར་སྤེལ་བཏང་ནས་སྟབས་བདེ་ཅན་ལ་རོལ་བ་དང་ལྗང་མདོག་གི་ཁྱིམ་གཞིས་འཛུགས་བསྐྲུན་གསར་གཏོད་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཀྱིས་ནམ་མཁའ་གཡའ་དག་པའི་འཛིང་རགས་ལ་སྲུང་སྐྱོབ་བྱེད་དགོས། དེ་མིན་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱིས་རི་ལྗང་རྩྭ་སྔོན་གྱི་འདུ་ཤེས་སེམས་ལ་དམ་འཛིན་གྱིས་ལྗང་མདོག་འཕེལ་རྒྱས་དང་འཚོ་བའི་བྱེད་ཐབས་གྲུབ་པར་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་བསྐྲུན་བྱེད་དགོས།

སྤྱི་ཚོགས་ཀྱི་དཔལ་འབྱོར་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་ཆེད་སྲོལ་རྒྱུན་གྱི་ནུས་ཁུངས་གསར་བ་ཇེ་ཉུང་དུ་གཏོང་རྒྱུ་ནི་སྨྲས་མེད་ཡིན་པས། ནུས་ཁུངས་སྒྲིག་གཞི་སྙོམས་སྒྲིག་བྱེད་རྒྱུ་ནི་ངེས་པར་དུ་ལག་ལེན་ལ་བསྟར་དགོས། དེའི་མི་ཚད་ནུས་ཁུངས་གསར་བསྒྱུར་གྱི་གལ་ཆེན་རང་བཞིན་ནི་གློག་ནུས་ཀྱི་ཚབ་ཐུབ་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། གློག་ནུས་ཀྱིས་གཞན་གྱི་ཚབ་ཐུབ་པ་དེ་རང་རྒྱལ་གྱི་ནུས་ཁུངས་གཞན་སྒྱུར་ཁྲོད་ངེས་པར་དུ་དགོས་མཁོ་ཆེ་བ་ཞིག་ཡིན།

ཀྲུང་དབྱང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲི་ལག་བསྟར་གྱིས་ལྗང་མདོག་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་དྲ་རྒྱ་རྨ་ཆུ་གློག་འདོན་ཀུང་ཟིས་བཏོན་པའི་རྫོང་གཅིག་ལ་གློག་ནུས་གཅིག་གི་གློག་ནུས་འཐུས་ཚབ་བསམ་བློ་དེ་དར་སྤེལ་བཏང་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་སྲོག་ཤིང་དུ་བཟུང་ཞིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་བཞིའི་ཁྲོད་ཀྱི་དཔའ་ལུང་དང་ཞོན་ཧྭ་གཉིས་ལ་དངོས་སུ་ལག་བསྟར་བྱེད་པ་དར་སྤེལ་བཏང་ནས་རོང་འབྲོག་མི་དམངས་ཀྱིས་དགུན་དུས་སུ་དྭངས་གཙང་གི་དྲོད་ཁོལ་ལ་རོལ་བ་དར་སྤེལ་བཏང་ཡོད། ཁེ་ལས་གཙོར་བཟུང་ནས་སྲིད་གཞུང་གི་སྐུལ་འདེད་དང་སྡོད་དམངས་ཀྱི་ཁས་ལེན་བྱེད་ཐབས་ལྟར་གློག་མཁོ་སར་གློག་འདོན་ནས་རང་ནུས་ཅི་ལྕོགས་ཀྱིས་ནུས་ཁུངས་གསར་བའི་དྲོད་རླངས་འདོན་སྤྲོད་ཀྱི་སྡུར་ཚད་ཇེ་མགྱོགས་སུ་བཏང་སྟེ་རོང་འབྲོག་མི་དམངས་ཀྱི་གནས་སྡོད་ཁོར་ཡུག་དང་འཚོ་བའི་སྤུས་ཚད་ལ་བཅོས་སྒྱུར་ཐོབ་ནས་མཐོར་འདེགས་སུ་བཏང་ཤིང་མཚོ་སྔོན་ནི་དྭངས་གཙང་ནུས་ཁུངས་ཅན་གྱི་དཔེར་མཚོན་ཞིང་ཆེན་དུ་འཛུགས་བསྐྲུན་བྱས་ཡོད།

མིག་སྔར་རྨ་ལྷོ་ཁུལ་གྱིས་ཆེས་ཐོག་མར་གློག་ནུས་ཚ་ཐབ་གྱི་ཚོང་རྟགས་ལ་བརྟེན་ནས་གློག་ནུས་ཀྱི་ཚབ་བྱས་ཏེ་ལག་རྩལ་འདྲ་མིན་གང་མང་གཞིར་བཟུང་ནས་གློག་ནུས་ཀྱི་ཚབ་བྱས་ཤིང་། སྲིད་དང་ཁེ་ལས་གཉིས་ཀྱིས་ཕན་ཚུན་རོགས་འདེགས་ལ་བརྟེན་ནས་གློག་ནུས་ཀྱི་འཐུས་ཚབ་ལེགས་པོ་ཤིག་གྲུབ་པར་བྱས་ཡོད། དེ་མིན་གློག་མཁོ་འདོན་བྱེད་སའི་རྫོང་དྲུག་གི་སྲིད་གཞུང་ཚང་མས་རྒྱབ་སྐྱོར་རང་བཞིན་གྱི་ཡིག་ཆ་མཁོ་སྤྲོད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རི་ལྗང་ཆུ་གཙང་གི་སྐྱེ་ཁམས་འཛུགས་བསྐྲུན་ལ་ཕྱི་ནང་གཉིས་ནས་འཕེལ་རྒྱས་ཀྱི་མཁའ་དབུགས་ལེགས་པོ་ཞིག་བསྐྲུན་པར་སྐུལ་འདེད་བྱེད་དགོས།

སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དེ་ནི་དེང་རབས་དང་མ་འོངས་བ་ཀུན་ལ་མཁོ་གལ་ཆེ་བས། རྒྱལ་ཁབ་གློག་དྲ་རྨ་ཆུའི་གློག་འདོན་ཀུང་ཟིས་ཀྲུང་དབྱང་གི་སྤྱི་ཚོགས་ཁེ་ལས་ཀྱི་འགན་འཁྲི་ལག་བསྟར་གྱིས་གློག་ནུས་ཀྱིས་ཡོད་ཚད་ཀྱི་ཚབ་བྱེད་པའི་ཡུན་རིང་གི་འཕེལ་རྒྱས་འཐབ་ཇུས་གཞིར་བཟུང་ནས་ནུས་ཁུངས་འཛད་སྤྱོད་ཐད་གློག་གིས་རྡོ་སོལ་གྱི་ཚབ་བྱེད་པ་དང་གློག་གིས་རྡོ་སྣུམ་གྱི་ཚབ་བྱེད་པ། གློག་རྒྱང་རིང་ནས་འཐེན་པ་དང་རྒྱང་རིང་གི་གློག་འདོན་དེ་རྒྱ་ཆེར་སྐུལ་འདེད་བྱེད་པ་བཅས་ཀྱི་འཐབ་ཇུས་གཞིར་བཟུང་ནས་མ་ལག་ཇུས་འགོད་དང་ཡོངས་ཁྱབ་སྒྲིག་གཞི། གློག་ནུས་འཐུས་ཚབ་བཅས་ཀྱི་ཐད་ལ་ཁེ་ཕན་ངེས་ཅན་ཞིག་ཡོད་ངེས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།