ཞིང་ཆེན་གནམ་གཤིས་ཅུས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱག་པའི་ལས་དོན་ཁྲོད་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས4ཉིན། ཞིང་ཆེན་གནམ་གཤིས་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱག་པ་དང་དོ་དམ་ལས་དོན་གྱི་འཆར་འགོད་ལ་གཞིགས་ཏེ། ཧུར་བརྩོན་གྱིས་མཚོ་སྔོན་ཞིང་ཆེན་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱག་པའི་འགོ་ཁྲིད་ལས་ཁུངས་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིན་དང་གནམ་གཤིས་སྡེ་ཁག་གིས་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་རྒྱག་པའི་ལས་དོན་ཁྲོད་ཀྱི་ལས་དོན་འགན་ནུས་དང་འོས་འགན་ལ་སྤེལ་རེས་དང་ལག་བསྟར་བྱས།

གྲོས་མཐུན་ལ་བརྒྱུད་ནས་ཞིང་ཆེན་གནམ་གཤིས་ཅུའུ་ཡི་འགོ་ཁྲིད་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་རྒྱག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་ཁོངས་མིའི་ཁྲོད་ཞུགས་པའི་རྨང་གཞིའི་སྟེང་། ཞིང་ཆེན་གནམ་གཤིས་ཅུའུ་ཡི་མཁོ་བསྟུན་དང་གནོད་སེལ་ཁྲུའུ་གཉིས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་རྒྱག་པའི་ལས་དོན་མཐུན་ཚོགས་ཀྱི་སྒྲིག་སྲོལ་ཁྲོད་འཇུག་པ་དང་།སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱག་པའི་ལས་དོན་གྱི་ལྟ་སྐུལ་དོ་དམ་དང་། དོ་དམ་ཚོད་འཛིན་དང་སྐྱེ་ཁམས་སྲུང་སྐྱོང་དེ་བཞིན་སླར་གསོའི་ནུས་པ་འཛུགས་སྐྲུན་སོགས་དང་འབྲེལ་དོན་གོ་སྒྲིག་ཐད་ཞུགས་ནས་འདུམ་འགྲིགས་ཐག་གཅོད་བྱ་རྒྱུར་ཁས་ལེན་ཐོབ། ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་དང་། ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་དམར་ཐིག་རྒྱག་པའི་ལག་རྩལ་ལས་དོན་ཚོ་ཁྲོད་འཇུག་རྒྱུ་དང་།སྐྱེ་ཁམས་བྱེད་ནུས་ཁུལ་གྱི་གལ་ཆེན་རང་བཞིན་དཔྱད་དཔོག་དང་སྐྱེ་ཁམས་འཁོར་ཡུག་གི་ཚོར་སྣང་རང་བཞིན་དཔྱད་དཔོག་གི་གནམ་གཤིས་གཞི་གྲངས་ལག་རྩལ་ཞིབ་བཤེར་དང་ཞིབ་ཚགས་བརྩི་རྒྱུ་མ་ཟད། ད་དུང་འབྲེལ་ཡོད་གནམ་གཤིས་གཞི་གྲངས་པར་རིས་སོགས་ཀྱི་ལས་དོན་ལེགས་གྲུབ་བྱུང་རྒྱུའི་འགན་ཁུར་རྒྱུ་ཁས་ལེན་བྱ་རྒྱུ་རེད།

ད་སྔ་ཞིང་ཆེན་གནམ་གཤིས་ལྟེ་གནས་དེ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱག་རྒྱུར་མཁོ་བའི2010ལོའི་ནས་2015ལོ་བར་གྱི་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་འགྱུར་ལྡོག་དབྱེ་ཞིབ་དང་དེ་བཞིན་ཙོང་ཆུ་འབབ་རྒྱུད་དང་། ཟི་ལིང་གྲོང་ཁྱེར། མཚོ་སྔོན་པོ་འབབ་རྒྱུད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཕྱོགས་བསྡུས་ཚོད་ལྟ་ཁུལ། མདོ་ལ་རི་བོའི་སྐྱེ་ཁམས་ནུས་པ་ཁུལ། ཞིང་ཆེན་ཁོངས་ཀྱི་ཚད་ཐིག་གི་གནམ་གཤིས་ཁྱད་ཆོས་སོགས་གནམ་གཤིས་འགྱུར་ལྡོག་ལ་དབྱེ་ཞིབ་གདེང་འཇོག་གི་སྙན་ཞུ་ལས་ཀའི་ནང་ཞུགས་པ་རེད།

ལོ་ཙཱ་བ། གཡང་སྐྱིད།