མཚོ་སྔོན་དངུལ་ཁང་གིས་མ་དངུལ་སྒོར་ས་ཡ་གཉིས་བཏང་སྟེ་མགོ་ལོག་ཁུལ་གྱི་དབུལ་ཕོངས་སློབ་ཆེན་སློབ་མར་རོགས་སྐྱོར་བྱས་པ།

ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་དངུལ་ཁང་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྒྱ་དྲམ་དམར་པོ་ཚོགས་པ་དང་སློབ་གསོ་ཅུའུ་བཅས་ཀྱིས་ཁ་གཏད་སྤྱི་ཕན་རོགས་སྐྱོར་གྲོས་མཐུན་བཀོད་དེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ལ་སློབ་གསོའི་གཞི་རྩའི་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གཉིས་བྱིན་ནས་ཆེད་དུ་མགོ་ལོག་ཁུལ་གྱི་དབུལ་ཕོངས་སློབ་ཆེན་སློབ་མར་རོགས་སྐྱོར་བྱས།

ས་གནས་དངུལ་ཁང་ཡིན་པའི་ཆ་ནས། མཚོ་སྔོན་དངུལ་ཁང་ལ་ལོ་ཉི་ཤུའི་འཕེལ་རྒྱས་ལོ་རྒྱུས་ཡོད་པ་དང་། མ་རྩའི་བསྡོམས་འབོར་དང་བཅོལ་དངུལ་ལྷག་གྲངས། སྐྱི་དངུལ་ལྷག་གྲངས་བཅས་སོ་སོར་ལྡབ་གོ་བདུན་དང་ལྡབ་དོན་ལྔ། ལྡབ་བརྒྱ་དང་བཞི་བཅུ་ཇེ་མཐོར་སོང་ཡོད། དེ་དང་མཉམ་དུ། མཚོ་སྔོན་དངུལ་ཁང་གིས་ཧུར་ཐག་གིས་དངུལ་རྩའི་གནད་ཕིགས་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ་དང་། རང་འགུལ་གྱིས་དབུལ་སྐྱོར་ལས་དོན་ཁྲོད་ཞུགས་ཏེ་དབུལ་ཕོངས་མང་ཚོགས་ལ་བསྡོམས་པས་སྒོར་བྱེ་བ་གཉིས་ལྷག་གི་མ་དངུལ་དང་དངོས་རྫས་ཀྱི་རོགས་སྐྱོར་བྱས།

ཐེངས་འདིར། མཚོ་སྔོན་དངུལ་ཁང་གིས་མཚོ་སྔོན་བོད་ཁུལ་གྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས། ཡུས་ཧྲུའུ་དང་མགོ་ལོག་གཉིས་སུ་ཁ་གཏད་རོགས་སྐྱོར་བྱ་འགུལ་སྤེལ་བ་འདི་ནི་མཚོ་སྔོན་དངུལ་ཁང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ལག་ལེན་དངོས་ཡིན་པ་མ་ཟད། འགུལ་སྐྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱས་པ་ཡང་ཡིན།