རང་ཞིང་གིས་ཆུ་བེད་ལས་གཞི་གཙོ་བོར་མ་དངུལ་སྒོར་དུང་ཕྱུར71.03མ་རྩ་བཏང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཉེ་སྔོན་གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་པ་ལྟར་ན།   ཟླ1པོ་ནས10བའི་བར་རང་ཞིང་གིས་ཆུ་བེད་ལས་གཞི་གཙོ་བོར་མ་དངུལ་སྒོར་དུང་ཕྱུར71.03མ་རྩ་བཏང་སྟེ་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི94.71%ཟིན་ཡོད།   དེའི་ཁྲོད་ཀྲུང་དབྱང་གིས་མ་རྩ་སྒོར་དུང་ཕྱུར34.86བཏང་ཡོད་ལ་ཞིང་ཆེན་རིམ་པའི་མ་རྩ་སྒོར་དུང་ཕྱུར22.92དང་ས་གནས་ཁག་གིས་སྒོར་དུང་ཕྱུར13.24ཡི་མ་རྩ་བཏང་ཡོད།

རྒྱུས་ལོན་པ་ལྟར་ན།  2017ལོར་ཞིང་ཆེན་ཡོངས་ནས་གཏན་འཇགས་རྒྱུ་ནོར་དངུལ་གཏོང་ཆུ་བེད་ལས་གཞི་གཙོ་བོ་རིགས་ཆེན་པོ་དྲུག་ཡོད་ལ་དངུལ་གཏོང་དམིགས་འབེན་ལས་འགན་སྒོར་དུང་ཕྱུར29.58རེད།  དམིགས་འབེན་ལས་འགན་མགྱོགས་མྱུར་གྱིས་ལེགས་འགྲུབ་བྱེད་པར་སྐུལ་འདེད་བྱ་ཆེད།  ཞིང་ཆེན་ཆུ་བེད་ཐིན་གྱིས2017ལོའི་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་དངུལ་གཏོང་ཆུ་བེད་ལས་གཞིའི་འགན་འཁྲིའི་དམིགས་འབེན་ལས་འགན་ལ་ཞིབ་ཕྲའི་སྒོ་ནས་དབྱེ་འབྱེད་བྱས་ཏེ།     ལས་གཞི་རིགས་ཆེན་པོ་དྲུག་དེ་ཆུ་བེད་ཨར་ལས་རྣམ་གྲངས17དུ་བགར།  ཟླ11པའི་ཚེས10བར་དུ་ལས་གཞི་ཆེན་པོ་དྲུག་པོ་ཁྱོན་ཡོངས་ནས་ལས་མགོ་བརྩམས་ཏེ་བསྡོམས་པས་མ་རྩ་སྒོར་དུང་ཕྱུར20.28བཏང་སྟེ་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི68.57%ལེགས་འགྲུབ་བྱས་ཡོད།

ཞིང་ཆེན་ཆུ་བེད་ཐིན་གྱི་ཐིན་ཀྲང་ཀྲང་ཧྲུའུ་ཧྥིན་གྱིས་བཤད་རྒྱུར།   ད་ལོར་ཞིང་ཆེན་ཡོངས་ཀྱི་ཆུ་བེད་སྡེ་ཁག་གིས་དུས་ཚོད་དམ་འཛིན་གྱིས་ལས་གཞི་འཛུགས་སྐྲུན་བྱས་ཏེ།    ཞིང་ཆེན་སྲིད་གཞུང་གི་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པར་བརྩོན་ལེན་བྱས་ལ།      གྲོང་ཁྱེར་དང་ཁུལ་སོ་སོའི་ཆུ་བེད་སྡེ་ཁག་གིས་རིགས་སོ་སོའི་ལས་གཞིའི་འཕེལ་རྒྱས་གནས་ཚུལ་གཟབ་ནན་གྱིས་ལེགས་སྒྲིག་བྱས་ཏེ་བྱ་བའི་འགན་འཁྲི་ཇེ་དྲག་ཏུ་བཏང་།     ཡུལ་དངོས་ཀྱི་ལྟ་ཞིབ་མཛུབ་སྟོན་དང་སྒོ་བྱང་བཀལ་ནས་ལས་གཞི་བསྒྲུབས་པ་ལྟ་སྐུལ་བྱེད་པ།  ལྟ་ཞིབ་སྐོར་ཞིབ་བྱེད་པ་སོགས་ཀྱི་བྱེད་ཐབས་བཀོལ་ནས་ད་ལོའི་འཛུགས་སྐྲུན་ལས་གཞི་ལ་དུས་བཅད་ལྟར་ལྟ་སྐུལ་མཛུབ་སྟོན་བྱས།  དུས་མཚུངས་སུ་ཆུ་བེད་སྡེ་ཁག་གིས་ད་ལོའི་ལས་གཞི་འཛུགས་སྐྲུན་གལ་ཆེན་དོན་འཁྱོལ་བྱས་པའི་རྒྱུ་རྐྱེན་དང་ནོར་སྲིད་ཞིང་སྐྱོར་མ་དངུལ་གཅིག་གྱུར་འཆར་འགོད་གཅིག་བསྡུས་བྱེད་པ་སོགས་ཀྱི་ཉམས་མྱོང་གཟབ་ནན་གྱིས་སྤྱི་བསྡོམས་བྱས་ཏེ།  སང་ལོའི་ལས་གཞིར་སྔོན་ལ་གྲ་སྒྲིག་ལེགས་པོ་བྱས་ནས2018ལོའི་ལས་གཞིའི་འཆར་འགོད་མགྱོགས་མྱུར་གྱིས་སྤེལ་བ་དང་མགྱོགས་མྱུར་གྱིས་ལས་མགོ་རྩོམ་པ། མགྱོགས་མྱུར་གྱིས་ལེགས་འགྲུབ་བྱེད་པར་འགན་ལེན་བྱེད་དགོས་ཟེར།