སྨྱན་བྱད་གསར་འགོད་པ་ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཚྭ་རྒན་རྟེན་གཞིར་བསྐྱོད་པ།

ཟླ༡༢པའི་ཚེས༡༠ཉིན་ལ་དཔེ་བཟང་གི་སྟོབས་ཤུགས་ཏེ་སྨྱན་བྱད་གསར་འགོད་པ་སྣུམ་ཞིང་དུ་བསྐྱོད་ཅེས་པའི་སྨྱན་བྱད་གསར་བ་པ་དག་ཚྭ་འདམ་གཞོང་གི་ནུབ་བྱང་མཐའ་ཁུལ་དུ་ཆགས་པའི་སྐྱ་བོ་གྲོང་དང་།  ཀྲུང་གོའི་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཚྭ་རྒན་རྟེན་གཞི་བཅས་སུ་བསྐྱོད་དེ།   སྐྱ་བོ་གྲོང་གི་འདས་དོན་ལ་ཕྱིར་རྟོག་དང་མེས་རྒྱལ་གྱི་རྡོ་སྣུམ་བྱ་གཞག་ལ་ལེགས་སྐྱེས་བཞག་མྱོང་མཁན་གྱི་སྔོན་རབས་པ་རྣམས་ལ་རྗེས་དྲན་མཛད།

གྱང་རོ་འདི་ནི་རྡོ་སྣུམ་གཏེར་ཁ་འདིར་མཉམ་རུབ་གྱིས་འབད་འཐབ་བྱས་པའི་ལོ་ཟླ་དེ་དག་རིང་གི་བདེན་དཔང་རེད།  ཚྭ་མཚེའུ་གྱི་གནས་འདི་འོད་སྟོང་འབར་བའི་སྐབས་ཤིག་ཏུ་མི་ཁྲི༥ནས་༦འཚོ་སྡོད་བྱས་མྱོང་ཡོད་ལ།  ལོ་རབས༦༠བའི་ནང་ཁོང་ཚོས་ཏཱ་ཆིང་དང་། ཧྲེང་ལི་སོགས་སུ་རོགས་སྐྱོར་གྱི་ལག་ཟུང་ཡང་རིང་དུ་བསྐྱངས་མྱོང་བས།  བར་སྐབས་ཤིག་གི་རིང་ལ་རྡོ་སྣུམ་གང་དུ་ཡོད་ན་ཚྭ་མཚེའུ་བ་དེ་ན་ཡོད་ཅེས་པའི་བཤད་རྒྱུན་ཞིག་གྲགས་མྱོང་།

༡༩༥༤ལོར། ཚྭ་འདམ་གཞོང་ལ་རྡོ་སྣུམ་གཏེར་འདོན་མཁན་སྐོར་ཐོག་མ་བྱུང་།  ཁོང་ཚོས་གནས་འདིར་ལོ་ངོ་བཞིའི་རིང་ལ་དཀའ་བ་དུ་མ་ཁྱད་དུ་བསད་མཐར།   མཚོན་བྱེད་རང་བཞིན་ལྡན་པའི་སྣུམ་དོང་ཐོག་མ་རྙེད།

དེ་ནས་བཟུང་སྟེ། ཚྭ་རྒན་སྣུམ་ཞིང་དེ་རང་རྒྱལ་གྱི་སྣུམ་ཞིང་ཆེན་པོ་བཞིའི་ཡ་གྱལ་དུ་གྱུར་ནས་ཀྲུང་གོའི་ས་ཁྲར་བཀོད། ཚྭ་ཞིང་འདིས་ཐོན་སྐྱེད་བྱས་པའི་སྣུམ་དག་ཡུལ་མན་དང་། ལན་གྲུ་སོགས་སུ་བསྐྱལ་དེ། དེ་ག་ནས་བཙོ་སྦྱངས་བྱེད་པ་ཡིན་པས་མཚོ་སྔོན་དང་བོད་ལྗོངས།  ནུབ་ལྷོ་ས་ཁུལ་བཅས་ཀྱི་རྒྱལ་སྲུང་བདེ་འཇགས་ལ་ལེགས་སྐྱེས་མི་དམན་པ་བཞག

ལོ་ཙཱ་བ། ཁོན་ཐར་འཚོ།