མཚོ་ནུབ་ཁུལ་གྱི་ཁུལ་རིམ་པའི་སྲིད་འཛིན་དོན་ལས་ལས་ཁུངས་ཀྱིས་ལས་མི༤༧བསྡུ་བ།

༢༠༡༧ལོར་ཞིང་ཆེན་སྲིད་གཞུང་གིས་མཚོ་ནུབ་ཁུལ་སྲིད་གཞུང་གི་དམིགས་ཚད་དཔྱད་ཞིབ་བྱ་ཡུལ་མཚོ་ནུབ་ཁུལ་སྤྱི་བདེ་མེ་ཟོན་གྱི་ཡིག་མཁན་བསྡུ་བའི་འོས་འགན་ལེགས་པོ་འགྲུབ་ཆེད་དང་། ལས་ཁུངས་བཅོས་སྒྱུར་བྱས་རྗེས་གཞི་རིམ་མང་ཚོགས་ཀྱི་ཚོགས་པའི་ལས་ཀར་ཤུགས་བསྣན། ལས་ཁོངས་ཁག་ནས་སྲིད་གཞུང་གི་ལས་ཀ་བ་གླ་བའི་དགོས་མཁོ་དུས་ཐོག་ཏུ་བསྐང་བ་བཅས་ཆེད་ལ།  མཚོ་སྔོན་ཞིང་ཆེན་དོན་ལས་ལས་ཁུངས་ཀྱི་ལས་བྱེད་བསྡུ་བའི་བྱེད་ཐབས་དང་འབྲེལ་ཡོད་སྲིད་ཇུས་དང་གཏན་འབེབས་གཞིར་བཟུང་།  མཚོ་ནུབ་ཁུལ་སྲིད་གཞུང་གི་མོས་འཐད་བརྒྱུད་༢༠༡༧ལོའི་ལོ་སྨད་དུ་མཚོ་ནུབ་ཁུལ་གྱི་ཁུལ་རིམ་པའི་སྲིད་འཛིན་དོན་ལས་ལས་ཁུངས་ཀྱིས་ལས་མི་གླ་བའི་ལས་རྐང་དུ་མི༤༧བསྡུ་རྒྱུ་ཡིན་པ་གཤམ་གསལ།

ཐེངས་འདིའི་ལས་མི་བསྡུ་རུབ་ཀྱི་ཁྱབ་ཁོངས་མཚོ་ནུབ་ཁུལ་ཁོངས་སུ་ཁ་ཕྱོགས་ཡོད་ཅིང་།  ༢༠༡༧ལོའི་ཟླ༡༢པའི་ཚེས༢༠ཉིན་གྱི་ཆུ་ཚོད་༩ནས་ཚེས་༡༢ཉིན་གྱི་ཆུ་ཚོད་༢༢དང་སྐར་མ་༡༨བར་དྲ་ཐོག་ནས་མིང་ཐོ་འགོད་དགོས་ལ། གལ་ཏེ་ཐོ་འགོད་ནང་དོན་ལ་ནོར་འཆུག་བྱུང་བའམ་ཡང་ན་དག་བཅོས་བྱེད་དགོས་ཚེ།  ༢༠༡༧ལོའི་ཟླ༡༢པའི་ཚེས༢༠ཉིན་གྱི་ཆུ་ཚོད་༩ནས་ཟླ༡༢པའི་ཚེས༢༣ཉིན་གྱི་ཆུ་ཚོད༡༨བར་དུ་བཅོས་ཆོག  ༢༠༡༧ལོའི་ཟླ༡༢པའི་ཚེས༢༠ཉིན་གྱི་ཆུ་ཚོད་༩ནས་ཟླ༡༢པའི་ཚེས༢༤ཉིན་གྱི་ཆུ་ཚོད་༡༢བར་ལ་དྲ་ཐོག་ནས་ཐོབ་ཐང་ལ་ཞིབ་བཤེར་བྱ་རྒྱུ་དང་།ཐོ་འགོད་རིན་པ་དེ་༢༠༡༧ལོའི་ཟླ༡༢པའི་ཚེས༢༠ཉིན་གྱི་ཆུ་ཚོད་༩ནས་ཟླ༡༢པའི་ཚེས༢༤ཉིན་གྱི་ཆུ་ཚོད༢༤དང་སྐར་མ༢༤བར་དུ་སྤྲོད་ཐུབ་དགོས།

མིང་ཐོ་འགོད་མཁན་གྱིས་མཚོ་ནུབ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་དྲ་ཚིགས(www.hxrs.gov.cn)ལས་སྤྱི་བསྒྲགས་ནང་འཛུལ་ནས་དྲ་ཐོག་ཐོ་འགོད་ཀྱི་སྦྲེལ་མཐུད་བརྒྱུད་ཐོ་འགོད་མ་ལག་ནང་ཞུགས་ནས་མིང་ཐོ་འགོད་དགོས།  ཐོ་འགོད་དང་རྒྱུགས་སུ་ཞུགས་དུས་ངེས་པར་དུ་ཐོབ་ཐང་ལག་འཁྱེར་རབས་གཉིས་པ་ཐོགས་དགོས།

ཡིག་རྒྱུགས་ཀྱི་ནང་དོན་དུ།   ལས་རིགས་ཀྱི་ནུས་པར་ཚོད་ལྟ་དང་། སྤྱི་གཞུང་གི་རྨང་གཞི་ཤེས་བྱ་གཉིས་ཡིན་ཞིང་། འདི་གཉིས་སོ་སོས་ཡིག་རྒྱུགས་སྐར་འབྲས་གྱི་བརྒྱ་ཆའི༥༠རེ་ཟིན།  ཡིག་རྒྱུགས་དང་ཁ་རྒྱུགས་སོ་སོས་སྤྱིའི་སྐར་གྲངས་ཀྱི་བརྒྱ་ཆའི༧༠དང་བརྒྱ་ཆའི་༣༠ཟིན།  ཡིག་རྒྱུགས་ལེན་པའི་དུས་ཚོད་ནི་༢༠༡༨ལོའི་ཟླ༡པོའི་ཚེས༦ཉིན་ཏེ་གཟའ་སྤེན་པ་རེད།

ལོ་ཙཱ་བ། ཁོན་ཐར་འཚོ།