རྩེ་ཁོག་ནས་འབའ་ཁུགས་བར་གྱི་གཞུང་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ་རྨ་ལྷོ་དང་མཚོ་ལྷོའི་འགྲོ་འོང་ལ་སྟབས་བདེ་བསྐྲུན་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   མཚོ་སྔོན་ནས་ལྷོ་ཕྱོགས་སུ་བསྐྱོད་པའི་ཀན་སུའུ་དང་ཟི་ཁྲོན་ཞིང་ཆེན་བརྒལ་བའི་གཞུང་ལམ་བྱང་ཕྱོགས་བརྒྱུད་ནས་ཟི་ལིང་དང་ནུབ་ཕྱོགས་བརྒྱུད་ནས་ཡུལ་ཤུལ། མཚོ་ནུབ་ཁུལ་བཅས་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་བགྲོད་ལམ་གལ་ཆེན་སྟེ་རྒྱལ་ལམ573རྩེ་ཁོག་ནས་འབའ་ཁུགས་བར་གྱི་གཞུང་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ།  ཉེ་སྔོན་བདེ་བླག་གིས་ཨར་ལས་འཛུགས་སྐྲུན་ལ་ཞིབ་བཤེར་རྩིས་ལེན་ཐོབ།  ཐེངས་འདིའི་གཞུང་ལམ་གྱིས་རྨ་ལྷོའི་ལྷོ་ཕྱོགས་དང་མཚོ་ལྷོའི་ལྷོ་ཕྱོགས་ཀྱི་དཔལ་འབྱོར་འགྲོ་འོང་ལ་སྟབས་བདེ་གང་ལེགས་སྐྲུན་ཡོད་པ་རེད།

རྒྱལ་ལམ573རྩེ་ཁོག་ནས་འབའ་ཁུགས་བར་གྱི་གཞུང་ལམ་ནི《རྒྱལ་ཁབ་གཞུང་ལམ་དྲ་རྒྱའི་འཆར་འགོད》རྩེ་ཁོག་ནས་དར་མཚོ་བར་གྱི་གཞུང་ལམ་ཁྲོད་རྩེ་ཁོག་ནས་འབའ་ཁུགས་བར་གྱི་གཞུང་ལམ་དེ་ལ་ཟེར། སྤྱིའི་རིང་ཚད་ལ་སྤྱི་ལེ95.25ཡོད། བྱང་ཕྱོགས་བརྒྱུད་ནས་ཟི་ལིང་དང་ནུབ་ཕྱོགས་བརྒྱུད་ནས་ཡུལ་ཤུལ། མཚོ་ནུབ་ཁུལ་བཅས་གྱི་ཆབ་སྲིད་དང་དཔལ་འབྱོར་གྱི་བགྲོད་ལམ་གལ་ཆེན་ཞིག་ཡིན།  རིམ་པ་གཉིས་པའི་གཞུང་ལམ་འཛུགས་སྐྲུན་གྱི་ཚད་གཞི་ལྟར་རྒྱལ་ལམ213དང227གཉིས་འབྲེལ་ཡོད་ལ་འབའ་ཁུགས་ནས་དཔལ་ཁའི་ལྷོ་རིའི་གཞུང་ལམ་དང་རྒྱལ་ལམ214འབྲེལ་བ་བརྒྱུད་འཐུས་ཚང་དུ་བཏང་བའི་འགྲིམ་འགྲུལ་དྲ་རྒྱ་འདི་གྲུབ་པ་ཡིན།  

ཉེ་སྔོན།  ཞིང་ཆེན་འགྲིམ་འགྲུལ་སྡེ་ཁག་གིས་རྒྱལ་ལམ573 རྩེ་ཁོག་ནས་འབའ་ཁུགས་བར་གྱི་གཞུང་ལམ་འཛུགས་སྐྲུན་ལ་ཞིབ་བཤེར་རྩིས་ལེན་ཐོབ།   ཞིབ་བཤེར་རྩིས་ལེན་མ་བྱས་གོང་འབྲེལ་ཡོད་སྡེ་ཁག་གིས་ཐོག་མར་སྤུས་ཚད་ལ་ཞིབ་བཤེར་བྱས་པ་མ་ཟད་ཞིབ་བཤེར་བསམ་འཆར་བཏོན་ཏེ་ཐེངས་འདིའི་ཨར་ལས་ལམ་གྱི་རྨང་དང་ལམ་ངོས།  ཟམ་པ།  འགྲིམ་འགྲུལ་བདེ་འཇགས་ཀྱི་ཚད་ལོན་ཡོད་མེད་དང་ཚད་ལྡན་ཡིན་མིན་སོགས་གཞུང་ལམ་འཛུགས་སྐྲུན་ཞིབ་བཤེར་རྩིས་ལེན་གྱི་ཆ་རྐྱེན་བཏོན་པ་རེད།   ཞིང་བཤེར་ཁྲོད་ཞིབ་བཤེར་ཚན་ཆུང་གིས་ཡུལ་དངོས་བརྟག་དཔྱད་དང་ལས་གཞི་འགན་ཁུར་བའི་སྙན་ཞུ་ལ་ཉན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་པ་མ་ཟད་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ་ཞིབ་བཤེར་རྩིས་ལེན་བྱས་པ་ཡིན་ལ།   ཐེངས་འདིའི་ལས་གཞི་ལ་གཞུང་ལམ་འཛུགས་སྐྲུན་ཞིབ་བཤེར་རྩིས་ལེན་གྱི་ཆ་རྐྱེན་དང་མཐུན་པས་རྒྱལ་ལམ573 རྩེ་ཁོག་ནས་འབའ་ཁུགས་བར་གྱི་གཞུང་ལམ་འཛུགས་སྐྲུན་ལ་བདེ་བླག་གིས་ཞིབ་བཤེར་རྩིས་ལེན་ཐོབ་པ་རེད།