མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་གཞི་རིམ་དུ་དངོས་འབེབས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།

ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་དངོས་ཡོད་གནས་ཚུལ་ལ་རྐང་བཙུགས་ཏེ་རིམ་པ་གཉིས་དང་སྒྲོག་འགྲེལ་ཚོགས་པ་གཅིག སྒྲོག་འགྲེལ་རུ་ཁག་བཅུ་གཉིས་ཀྱི་བྱ་བའི་བྱེད་ཐབས་གསར་གཏོད་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱས།

ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དོན་འཁྱོལ་བྱེད་པའི་བྱ་བའི་ཁྲོད། ཀོས་ནན་རྫོང་གིས་འགོ་ཁྲོད་ལས་བྱེད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཆེད་དོན་འཆད་ཁྲིད་སྤེལ་ཏེ་ཞིང་ཆེན་དང་ཁུལ་རིམ་པའི་མིང་གྲགས་ཅན་གྱི་དགེ་རྒན་ཆེན་མོ་སོགས་གདན་འདྲེན་བྱས་ནས་རྫོང་རིམ་པའི་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པར་ཆེད་དོན་ཟུར་ཁྲིད་བྱས་པར་མ་ཟད། དུས་བགོས་ཏེ་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དག་གཞི་རིམ་གྱི་སྡེ་ཁག་སོ་སོ་དང་འབྲེལ་གཏུག་བྱེད་ཡུལ་སོ་སོར་ཟབ་ཞུགས་བྱེད་པར་བཀོད་སྒྲིག་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱིས་སྤེལ་བའི་ཏང་གི་ཉིན་མོའི་བྱ་འགུལ་ལ་ཞུགས་པར་མ་ཟད། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་བརྗེ་རེས་བྱས་ལ། རང་འགུལ་སྒོས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བྱེད་པའི་སྣེ་ཁྲིད་མཁན་དང་སྐུལ་འདེད་མཁན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། ཏང་ཡོན་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་དང་ཏང་གི་ལོ་རྒྱུས་སློབ་གསོའི་གློག་བརྙན་ལ་ལྟ་བ་སོགས་ཆེད་དོན་སློབ་སྦྱོང་བྱ་འགུལ་དགུ་དང་ཤེས་བྱ་འགྲན་སྡུར་སོགས་ལག་ལེན་དངོས་ཀྱི་བྱ་འགུལ་དྲུག་སྤེལ་བ་བརྒྱུད་དེ་ཞང་དང་གྲོང་རྡལ་དང་། རྫོང་ཐད་གཏོགས་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་བསམ་བློ་གསར་པ་དང་དམིགས་འབེན་གསར་པ། འཐབ་ཇུས་གསར་པར་རྒྱུས་ལོན་ཡང་དག་བྱེད་པར་སྣེ་ཁྲིད་བྱས།

དེ་དང་མཉམ་དུ། རྫོང་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ཏེ་ཞང་དང་གྲོང་རྡལ་སོ་སོར་ཟབ་ཞུགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ་བ་དང་དཔལ་འབྱོར་སྤྱི་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་འོད་སྟོང་འབར་བའི་ལོ་རྒྱུས་དང་སྒྱུར་བ་བཞིའི་བསམ་ཕྱོགས་གསར་པས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་ལག་ལེན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་འགྲེལ་ཀློག་གཏིང་ཟབ་བྱས། ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོ། རིམ་པ་སོ་སོའི་ཁྱད་ཆོས་དང་དངོས་ཡོད་གནས་ཚུལ་མི་འདྲ་བར་དམིགས་ནས་སྲིད་ཁྲིམས་མ་ལག་གི་སྒྲོག་འགྲེལ་རུ་ཁག་དང་གཞིས་ཁུལ་གྱི་སྒྲོག་འགྲེལ་རུ་ཁག རིག་རྩལ་སྒྲོག་འགྲེལ་རུ་ཁག་སོགས་རུ་ཁག་བཅུ་གཉིས་རྩ་འཛུགས་བྱས་ཏེ་མང་ཚོགས་ཀྱི་གོ་སླ་བའི་སྐད་ཆའི་ལམ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་སྒྲེལ་བྱས་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བར་སྣེ་ཁྲིད་བྱས།