མི་གང་དག་གིས་སྤྱི་ཚོགས་རོགས་སྐྱོབ་ལ་སྙན་ཞུ་འབུལ་ཆོག

སྤྱི་ཚོགས་རོགས་སྐྱོབ་ལ་སྨན་ཁང་ནད་སྡོད་ཀྱི་རོགས་སྐྱོབ་དང་གནས་སྐབས་ཀྱི་རོགས་སྐྱོབ་ཅེས་རིགས་གཉིས་ཡོད།


གཅིག   སྨན་ཁང་ནད་སྡོད་རོགས་སྐྱོབ་ཀྱི་རོགས་སྐྱོབ་བྱ་ཡུལ། དེ་ནི་སོ་སོ་སྡོད་སའི་གྲོང་ཁྱེར་དེའི་ཐེམ་ཐོ་ཡོད་པའི་སྡོད་དམངས་ཡིན།  དེར་ཁྱིམ་ཚང་གི་སྨན་བཅོས་འགྲོ་གྲོན་གཏོང་ཁག་པོ་ཡོད་པའི་གནས་ཚུལ་མི་འདྲ་བ་ལྟར་རོགས་སྐྱོབ་བྱ་ཡུལ་ལ་ཡང་རིགས་གསུམ་ཕྱེས་འདུག 

༡  གཙོ་གནད་དཀའ་ངལ་ཅན་ལ་རོགས་སྐྱོབ།

དེ་ནི་སོ་སོ་སྡོད་སའི་རྫོང་རིམ་པའི་དམངས་སྲིད་སྡེ་ཚན་གྱིས་ངོས་བཟུང་བའི་དམིགས་བསལ་དཀའ་ངལ་ཅན་(དེའི་ནང་གྲོང་ཁྱེར་གྱི་མེད་པ་གསུམ་ཅན་དང་ཞིང་གྲོང་གི་ལྔ་སྐྱོང་ཁྱིམ་ཚང་། དྭ་ཕྲུག་སོགས་ཚུད)དང་། མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ། ཡོང་སྒོ་ཉུང་བའི་ཁྱིམ་ཚང་ནང་གི་དབང་བོ་སྐྱོན་ཅན་ཚབས་ཆེ་ཤོས་ཅན།  གཙོ་གནད་རོགས་སྐྱོར་བྱ་ཡུལ་བཅས་ཡིན།

༢ ཡོང་སྒོ་ཉུང་བ་ལ་རོགས་སྐྱོབ།  
          སོ་སོ་སྡོད་སའི་རྫོང་མི་དམངས་སྲིད་གཞུང་གིས་ངོས་བཟུང་བའི་གྲོང་ཁྱེར་དང་ཤང་གི་ཡོང་སྒོ་ཉུང་བའི་ཁྱིམ་ཚང་དང་དེའི་ནང་མི། 
          ༣ འགྲོ་སོང་ཆེན་པོས་དབུལ་བོར་གྱུར་བ་ལ་རོགས་སྐྱོབ། 

ནད་ལྕི་མོ་རིགས་ཕོག་ནས་སྨན་བཅོས་ཀྱི་འགྲོ་གྲོན་མང་པོ་བཏང་བའི་དབང་གིས་ཁྱིམ་ཚང་གི་འཚོ་བ་དཀའ་གནས་སུ་ལྷུང་བའི་གྲོང་ཁྱེར་དང་ཤང་གི་སྡོད་དམངས་དང་། ནད་བཅོས་པའི་དབང་གིས་དབུལ་བོར་གྱུར་བའི་ཁྱིམ་ཚང་ཡིན། འདི་ལ་ཡང་དམིགས་བསལ་དབུལ་སྐྱོར་བྱ་ཡུལ་དང་། རོགས་སྐྱོབ་བྱ་ཡུལ་གཞན་བཅས་རིགས་གཉིས་ཡོད། སྔ་མ་ལ་བརྒྱ་ཆའི་བརྒྱ་ཡིས་རོགས་སྐྱོབ་བྱེད་དེ། མི་རེར་ལོ་རེར་སྨན་ཁང་ནད་སྡོད་ཀྱི་རོགས་སྐྱོབ་སྒོར་ཁྲི༦རེ་ཡོད་པ་དང་།  ཕྱི་མར་བརྒྱ་ཆའི་བརྒྱད་ཅུའི་རོགས་སྐྱོབ་བྱེད་ལ། མི་རེར་ལོ་རེར་སྨན་ཁང་ནད་སྡོད་རོགས་སྐྱོབ་སྒོར་ཁྲི༥རེ་ཡོད་པ་རེད།
   འདི་ལ་སྙན་ཞུ་འབུལ་ན། མི་སྒེར་རམ་ཁྱིམ་ཚང་གི་ཐེམ་ཐོ་ཡོད་སའི་ཤང་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་(སྲང་ལམ་དོན་གཅོད་ཁང་)ལ་ཡིག་ཐོག་ནས་སྙན་ཞུ་འབུལ་བ་དང་སྦྲགས་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་འབྱོར་བ་ཞན་པའི་དཔང་ཡིག  དེ་བཞིན་འབྱོར་ཞན་དཔྱད་སྡུར་གྱི་དབང་ལྡན་ཡི་གེ་བཅས་འདོན་སྤྲོད་བྱེད་དགོས།

གཉིས། གནས་སྐབས་རོགས་སྐྱོབ།

འདིས་གློ་བུར་དུ་བྱུང་བ་དང་། གནས་སྐབས་སུ་བྱུང་བའི་དོན་རྐྱེན་ལ་བརྟེན་ནས་དཀའ་ངལ་ཆེན་པོ་ཆགས་པའི་ཁྱིམ་ཚང་ངམ་མི་སྒེར་ལ་རོགས་སྐྱོབ་བྱེད་པ་ཡིན། རོགས་སྐྱོབ་ཀྱི་ཚད་གཞི་ནི། སྙུང་གཞི་ལྕི་མོར་སྨན་བཅོས་ཀྱི་འགྲོ་གྲོན་འབོར་ཆེན་སོང་བའི་དབང་གིས་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཆེན་པོ་བྱུང་བ་ཡིན་དགོས་ལ། སྨན་བཅོས་ཀྱི་རིང་དུ་མི་སྒེར་ནས་སྨན་བཅོས་ལ་འགྲོ་སོང་བཏང་བའི་ཆ་དེ་དང་།  འབྲེལ་ཡོད་སྡེ་ཚན་གྱིས་རྩིས་སྤྲོད་བྱས་པའི་སྨན་བཅོས་ཀྱི་གྲོན་དངུལ་དག་འཐེན་རྗེས། ལྷག་མ་རྣམས་ཟླ་བ་གསུམ་ནས་བཅུ་གཉིས་ཀྱི་དུས་ཡུན་ལྟར་རོགས་སྐྱོབ་གཏན་འཁེལ་བྱེད་ཆོག་མོད་ཀྱང་།  རོགས་སྐྱོབ་ཀྱི་འགྲོ་སོང་དེ་མི་སྒེར་གྱིས་ཁག་འགན་དུ་ལེན་ཐུབ་པའི་འགྲོ་སོང་གི་སྤྱིའི་འབོར་ལས་བརྒལ་མི་རུང་བ་ལ།  ཆེས་མང་ན་ཡང་སྒོར་ཁྲི༢༠༠༠༠ལས་རོགས་སྐྱོབ་ཐུབ་ཀྱིན་མེད།

དེ་ལ་སྙན་ཞུ་འབུལ་ན།  གནས་སྐབས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་དཀའ་ངལ་ཅན་ནམ་མི་སྒེར་གྱིས་སོ་སོའི་ཐེམ་ཐོ་ཡོད་སའི་ཤང་དང་གྲོང་རྡལ་གྱི་མི་དམངས་སྲིད་(སྲང་ལམ་དོན་གཅོད་ཁང་)ལ་གནས་སྐབས་རོགས་སྐྱོབ་བྱེད་དགོས་ཀྱི་སྙན་ཞུ་འབུལ་ཆོག  

གོང་གསལ་གྱི་རོགས་སྐྱོབ་གང་རུང་ལ་སྙན་ཞུ་བྱེད་དུས། སྙན་ཞུ་མཁན་གྱིས་ཐེམ་ཐོའི་བསྐྱར་དཔར་དང་།  ཐོབ་ཐང་ལག་འཁྱེར་གྱི་བསྐྱར་དཔར།  འབུལ་བྱའི་སྙན་ཞུ།   དེ་བཞིན་དགོས་ངེས་ཀྱི་རྒྱུ་ཆ་གཞན་དག་འཁྱེར་དགོས།

ལོ་ཙཱ་བ། ཁོན་ཐར་འཚོ།