ཡ་རྫི་རྫོང་གིས་ཟས་རིགས་དང་སྨན་རྫས་བདེ་འཇགས་ཐད་ལ་གྲུབ་འབྲས་མངོན་གསལ་བླངས་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོ་ནས་བཟུང་། ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་གིས་ཟས་རིགས་དང་སྨན་རྫས་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། གཟབ་ནན་བཞིའི་བླང་བྱ་གཞིར་བཟུང་ནས་ཟས་རིགས་དང་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ལ།  ཟས་རིགས་དང་སྨན་རྫས་ཀྱི་ལས་དོན་ཟམ་མི་ཆད་པར་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། རྫོང་ཡོངས་ཀྱི་ཟས་རིགས་དང་སྨན་རྫས་བདེ་འཇགས་ཐད་དོན་རྐྱེན་གཅིག་ཀྱང་མ་བྱུང་ཞིང་། མི་དམངས་མང་ཚོགས་ཀྱི་ཟས་རིགས་དང་སྨན་རྫས་བདེ་འཇགས་ཐད་ལ་སྲུང་སྐྱོང་ནུས་ལྡན་ཐེབས་པ་རེད།

ད་ལོར། ཡ་རྫི་རྫོང་གིས་ཟས་རིགས་དང་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཡོངས་དྲ་སྦྲེལ་ཟས་རིགས་དང་སྨན་རྫས་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་12331སྤྱོད་འགོ་ཚུགས་ཤིང་། དམངས་ཡོངས་ལ་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་དང་གློག་རྡུལ་ཡིག་སྒམ་ཡོངས་བསྒྲགས་བྱས་པ་རེད། ད་སྔའི་བར་དུ། འཛད་སྤྱོད་པའི་ཞུ་གཏུག་ཁ་པར་7བདག་སྤྲོད་ཀྱིས་ཐག་གཅོད་བྱས་ཤིང་། འཛད་སྤྱོད་པའི་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི1.4ཕྱིར་བླངས་བ་རེད། ལྟ་སྐུལ་དོ་དམ་ཐོན་ཁུངས་སྡེབ་སྒྲིག་དང་མཉམ་འབྲེལ་ལྟ་ཞིབ་ཚོགས་ཆུང་བཙུགས་ཏེ་ཤང་དང་གྲོང་རྡལ་དང་ཁུལ་སོ་སོར་དབྱེ་ནས་ཕྱོགས་བསྡུས་ཁྲིམས་འཛིན་དང་མཉམ་འབྲེལ་ཁྲིམས་འཛིན་ལས་དོན་ལ་སྐུལ་འདེད་བཏང་བ་དང་། མཐུན་སྦྱོར་གཅིག་གྱུར་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་ཆགས་པ་རེད།

ད་ལོར། ཉོ་མཁན་མང་བའི་ཟས་རིགས་གཙོ་བོ་དང་བདེ་འཇགས་ཀྱི་མི་མངོན་རྐྱེན་ངན་མང་བའི་གཙོ་གནད་ས་ཁོངས། གནད་དོན་འབུར་ཐོན་དང་ཁྲིམས་འགལ་གྱི་བྱ་སྤྱོད་སོགས་གཙོ་གནད་དུ་གམིགས་ནས་སྔ་རྗེས་སུ་རིགས་ཁག་གི་ཟས་རིགས་བདེ་འཇགས་ཆེད་དོན་སྒྲིག་འཛུགས་བྱས་ཏེ་བཅོས་སྒྲིག་བྱེད་སྒོ་ཐེངས་9ལ་སྤེལ་བ་དང་། ཟས་རིགས་ཐོན་སྐྱེད་གཉེར་སྐྱོང་སྡེ་ཚན་1240ལ་ཞིབ་བཤེར་བྱས་ཤིང་། གྱོད་དོན་ཐོ་འགོད་སྒྲིག་སྲོལ་དང་འགལ་བའི་བྱ་སྤྱོད་13ཐག་གཅོད་བྱས་པ་དང་། དུས་བཀག་ནང་སྡེ་ཚན136བཅོས་སྒྲིག་བྱས་ཤིང་། སྒོར་ཁྲི5.35ཡི་ཆད་པ་བཅད་པ་རེད། དུས་མཚུངས་སུ། སློབ་གྲྭའི་ཟ་ཁང་གི་བདེ་འཇགས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལས་བྱེད་པ་རྩ་འཛུགས་བྱས་ཏེ་རྫོང་ཡོངས་ཀྱི་སློབ་གྲྭ30ཡི་ཟ་ཁང་ལ་གཙང་བཤེར་བྱས་ཤིང་།  ལེགས་བཅོས་བྱེད་དགོས་པའི་བརྡ་ཐོ39བཏང་བ་དང་། གྱོད་ཐོ་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱེད་པའི་གྱོད་གཞི་གཉིས་དང་སྒོར་ཁྲི1གི་ཆད་པ་བཅད་པས། སློབ་གྲྭའི་ཟ་ཁང་གི་ཟས་རིགས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱུང་ཡོད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།