གན་རྒྱའི་ལམ་ལུགས་ཀྱི་ལས་ཤོར་ཞིང་བ་ལས་བཟོ་བའི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།  ཉེ་བའི་ལོ་འདི་འགའི་རིང་ལ།  རང་ཞིང་གིས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་གི་དབུལ་སྐྱོར་སྲིད་ཇུས་མང་བོ་ཕྱིར་བཏོན་ཏེ་རང་ཞིང་གི་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་རོགས་འདེགས་བྱས་པ་དང་།  གན་རྒྱའི་ལམ་ལུགས་ཀྱི་ལས་ཤོར་ཞིང་བ་ལས་བཟོ་བའི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་ཇེ་མཐོར་བཏང་སྟེ་སྤྱི་ཚོགས་འགན་སྲུང་གི་ནུས་པ་སྔར་ལས་འདོན་སྤེལ་བྱས།

《ལས་ཤོར་ཉེན་འགོག་སྲོལ་ཡིག》གི་གཏན་འབེབས་ལྟར་ན་མཁར་གྲོང་གི་ཁེ་ལས་དོན་ལས་ལས་ཁུངས་ཀྱིས་བསྡུས་པའི་གན་རྒྱའི་ལམ་ལུགས་ཀྱི་ལས་བཟོ་བ་མི་སྒེར་གྱིས་ལས་ཤོར་ཉེན་སྲུང་གྲོན་དངུལ་སྤྲོད་མི་དགོས་པ་རེད། དམངས་ཡོངས་འགན་སྲུང་ཁྲོད་ཞུགས་པའི་འཆར་འགོད་ལག་བསྟར་ལ་བརྟེན་གན་རྒྱའི་ལམ་ལུགས་ཀྱི་ཞིང་བ་ལས་བཟོ་བའི་ཁྱབ་ཁོངས་ཆེ་རུ་བཏང་སྟེ།   གན་རྒྱའི་ལམ་ལུགས་ཀྱི་ཞིང་བ་ལས་བཟོ་བར་ཐོབ་འོས་པའི་འགན་སྲུང་གཞི་རྩའི་ཆ་ནས་མངོན་འགྱུར་བྱས།   བཀོལ་མི་ལས་ཁུངས་ཀྱིས་གན་རྒྱའི་ལམ་ལུགས་ཀྱི་ཞིང་བ་ལས་བཟོ་བ་ཁྲིམས་མཐུན་གྱི་ལས་ཤོར་ཉེན་སྲུང་ཁྲོད་ཞུགས་དུ་འཇུག་དགོས་པ་མ་ཟད།  དུས་ལྟར་ལས་ཤོར་ཉེན་སྲུང་གྲོན་དངུལ་སྤྲད་དེ་གན་རྒྱའི་ལམ་ལུགས་ཀྱི་ཞིང་བ་ལས་བཟོ་བ་མི་སྒེར་གྱིས་ཉེན་སྲུང་དངུལ་སྤྲོད་མི་དགོས་པའི་སྲིད་ཇུས་དོན་འཁྱོལ་བྱེད་པར་ཧུར་བསྐྱེད་ཀྱིས་སྐུལ་འདེད་བྱས།

 ལས་ཤོརཉེན་སྲུང་གིས་ལས་ཤོར་ཞིང་བ་ལས་བཟོ་བའི་གནས་སྐབས་ཀྱི་དཀའ་ཁག་དུས་སུ་རོགས་སྐྱོར་བྱེད་དགོས་ལ།  ལས་ཁུངས་ཀྱིས་བསྡུས་པའི་གན་རྒྱའི་ལམ་ལུགས་ཀྱི་ཞིང་བ་ལས་བཟོ་བའི་ལས་ཞུགས་ལོ་གྲངས་ལོ་གཅིག་ཅན་དང་ལས་ཁུངས་ཀྱིས་ལས་ཤོར་ཉེན་སྲུང་དངུལ་སྤྲད་ཟིན་པ།  ངལ་རྩོད་གན་རྒྱའི་ལོ་གྲངས་ལོན་ཏེ་མུ་མཐུད་དུ་གན་རྒྱའི་ཡི་གེ་མི་འབྲི་བའམ་སྔོན་ལ་ངལ་རྩོད་གན་རྒྱའི་ཡི་གེ་མེད་པར་བཏང་ན།  ལས་ཤོར་ཉེན་སྲུང་གཉེར་སྒྲུབ་ལས་ཁུངས་ཀྱིས་ལས་ཞུགས་ལོ་གྲངས་ལྟར་ལོ་རེར་ཟླ་གཉིས་ཀྱི་ལས་ཤོར་ཉེན་སྲུང་དངུལ་གྱི་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲོད་དགོས། ཡིན་ཡང་དུས་ཡུན་ཟླ18ལས་བརྒལ་མི་རུང་།  སྔོན་ལ་ཡོད་པའི་སྲིད་ཇུས་དང་བསྡུར་ན་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་ཚད་གཞི་ཇེ་མཐོར་སོང་ཡོད་པ་རེད།

དབུལ་ཕོངས་ས་ཁུལ་གྱི་སྤྱི་ཚོགས་འགན་སྲུང་གཉེར་སྒྲུབ་ཞབས་ཞུའི་ནུས་པའི་ཕྱོགས་ནས་སྤྱི་ཚོགས་འགན་སྲུང་གཉེར་སྒྲུབ་ཀྱི་སྟོབས་ཤུགས་ཡོད་རྒུས་ཞབས་ཞུའི་སྤྱོད་ཚུལ་སྔར་ལས་ཇེ་དྲག་དང་བྱ་བའི་གོ་རིམ་སྟབས་བདེ་ཇེ་ལེགས་སུ་བཏང་སྟེ་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས།   སྤྱི་ཚོགས་འགན་སྲུང་གཉེར་སྒྲུབ་ཞབས་ཞུ་ཚད་ལྡན་ཅན་དུ་མགྱོགས་མྱུར་གྱིས་འཛུགས་སྐྲུན་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་འགན་སྲུང་གཉེར་སྒྲུབ་ལས་ཁུངས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལག་བསྟར་བྱེད་ཐབས་ཕྱིར་བཏོན་ཏེ།  དབུལ་ཕོངས་མི་སྣར་སྟབས་བདེ་དང་སྤུས་ལེགས་ཀྱི་གློག་རྡུལ་སྤྱི་ཚོགས་འགན་སྲུང་ཞབས་ཞུ་རོལ་མྱོང་བྱེད་དུ་བཅུག

ལོ་ཙཱ་བ། ལྷ་ཆེན་རྒྱལ།