མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཚོགས་ཆེན་གཉིས་ཀྱི་མཐུན་སྦྱོར་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ12པའི་ཚེས19ཉིན་ལ་ཞིང་ཆེན་ཏང་ཨུའི་རྒྱན་ཨུ་དང་ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་ཞིང་ཆེན་ཚོགས་འདུ་གཉིས་ཀྱི་མཐུན་སྦྱོར་ཚོགས་འདུར་གཙོ་སྐྱོང་གནང་བ་དང་ །མི་འགྱངས་པར་འཚོགས་རྒྱུ་ཡིན་པའི་ཞིང་ཆེན་གྱི་ཚོགས་འདུ་གཉིས་ཀྱི་འབྲེལ་ཡོད་ཞབས་ཞུའི་འགན་སྲུང་གི་ལས་དོན་ཐད་མཐུན་སྦྱོར་དང་བཀོད་སྒྲིག་བྱས་པ་རེད།

ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་དོན་ཐིན་དང་།ཞིང་ཆེན་སྲིད་གྲོས་གཞུང་དོན་ཐིན་གཉིས་ཀྱིས་ཚོགས་འདུའི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་སྟབས་བདེ་ཞིག་བྱས། ཟི་ལིང་གྲོང་ཁྱེར་སྲིད་གཞུང་དང་།ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཞིང་ཆེན་སྤྱི་བདེ་ཐིན།ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་གློག་ཤུགས་ཀུང་སི་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པས་ཚོགས་འདུ་གཉིས་སྐབས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་། དྲིལ་བསྒྲགས་གནས་འཕྲིན་སྤེལ་ནས་སྨན་བཅོས་འགན་སྲུང་དང་། ཟས་རིགས་བདེ་འཇགས།གློག་ཤུགས་ཤར་གཏོང་། ཡིག་སྐུར་ངོ་བཅར་བཅས་ཀྱི་ལས་དོན་སྐོར་ནས་སྙན་སེང་ཞུས་པ་རེད་།

གྲོས་ཚོགས་ཐོག  མི་འགྱངས་པར་འཚོགས་རྒྱུ་ཡིན་པའི་ ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་རྗེས་རང་རེའི་ཞིང་ཆེན་གྱི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། དེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་།ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྐུལ་སློང་གིས་ཧུར་སེམས་ཆེར་སྐྱེད་ངང་གོམ་པ་མཉམ་སྤོས་ཀྱིས་དེ་བས་བཞིར་སྐུལ་འདེད་གཏོང་བ་གཙིགས་འཛིན།  ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་ཞིང་ཆེན་གྱི་ཚོགས་འདུ་གཉིས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བཅས་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་གྱིས་གྲ་སྒྲིག་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པ་བསྟན། 

གྲོས་ཚོགས་གྱིས་བསྟན་དོན་གནས་བབ་གསར་བ་དང་། ལས་འགན་གསར་བ་དང་གནས་ཚུལ་གསར་བར་ཁ་ཕྱོགས་ཏེ། འབྲེལ་ཡོད་སྡེ་ཚན་ཁག་དང་ལས་ཁུངས་ཀྱིས་ཟམ་མི་ཆད་པར་ལས་ཀའི་ཇུས་གཞི་བཟོས་པ་མ་ཟད་ད་དུང་ལེགས་འགྱུར་དང་ཞིབ་ཚགས།  རིགས་ཁག་སྔོན་ཇུས་ཀྱི་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཇེ་མཐོར་བཅས་གཏང་དགོས།. གྲོས་ཚོགས་ཀྱི་རྩ་འཛུགས་མ་ལག་མུ་མཐུད་དུ་འཐུས་ཚང་དུ་བཏང་སྟེ། ལས་ཀའི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི། ལས་གནས་འགན་འཁྲི་བཅས་ཁག་འཁུར་དོན་འཁྱོལ་ལེགས་པོ་བྱ་དགོས། ཚོགས་འདུའི་སྒྲིག་ལམ་ནན་པོ་བྱས་ཐོག ཞིང་ཆེན་གྱི་ཚོགས་འདུ་གཉིས་དེ་རང་རྟོགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་དང་བྱ་བཟང་སྤྱོད་བཟང་དར་སྤེལ་ཁྲོད་ལག་ལེན་བྱས་ཏེ། ཞིང་ཆེན་གྱི་ཚོགས་འདུ་གཉིས་དེ་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ལོ་གསར་བའི་ནང་སྙིང་སྟོབས་ཆེར་སྐྱེད་དང་གསར་གཏོད་ཡར་བརྩོན་ཡོང་པར་སྐུལ་མ་དང་སྐུལ་སློང་གཏོང་བའི་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་འགྱུར་དགོས།

ལོ་ཙཱ་བ། གཡང་སྐྱིད།