དབུས་ལམ་རྫོང་གིས་དབུལ་ཐར་འགག་སྒྲོལ་གྱི་སྨྱན་སྦྱོར་བྱེད་སྒོ་སྤེལ་འགོ་ཚུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན། དབུས་ལམ་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་དབུས་ལམ་རྫོང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་དབུས་ལམ་རྫོང་གི་དབུལ་ཐར་འགག་སྒྲོལ་སྲ་བརྟན་དང་མཐོར་འདེགས་གཏོང་བའི་སྨྱན་སྦྱོར་གསར་འགོད་པའི་ངོ་འཕྲད་ཚོགས་འདུ་འཚོགས་པ་དང་།  དབུས་ལམ་རྫོང་གི་ཉིན་གཉིས་རིང་གི་སྨྱན་སྦྱོར་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

ཞིང་ཆེན་དང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་སྤྱི་ཡོངས་བཀོད་སྒྲིག་ལྟར། དབུས་ལམ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་དེ་ལས་འགན་གཙོ་བོར་བཟུང་བ་དང་།  རྫོང་ཡོངས་ཀྱི་དབུལ་བོའི་སྡེ་བ་15ཡི་དབུལ་ཕོངས་ཁྱིམ་ཚང399དང་མི་1081དབུལ་ཐར་བྱེད་པའི་ལས་འགན་ལྗིད་པོ་དེ་གཙོ་བོར་བཟུང་ནས་རྫོང་ཡོངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། ལོ་གཉིས་རིང་དུ་འབད་བརྩོན་ལྷོད་མེད་བྱས་མཐར།  དབུལ་ཐར་འགག་སྒྲོལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ལ། རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་དང་མི་དབུལ་བོ་དབུལ་ཐར་བྱས་པའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ཡོད་པ་རེད།

རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་དབུལ་ཐར་འགག་སྒྲོལ་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དང་ཁུལ་ཏང་ཨུད་བཅས་ཀྱིས་དབུལ་ཐར་འགག་སྒྲོལ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྐུལ་འདེད་བཏང་བར་གཞི་རིམ་ནས་ལག་ལེན་དང་དོན་འཁྱོལ་མཐར་ཕྱིན་བྱེད་པའི་གནས་ཚུལ་མངོན་པ་དང་། དབུས་ལམ་རྫོང་གིས་དབུལ་ཐར་འགག་སྒྲོལ་ལས་དོན་ཁྲོད་སྤྱད་པའི་བྱེད་ཐབས་དགེ་མཚན་ཅན་དང་ཉམས་མྱོང་ཕན་འབྲས། སྤྱི་ཚོགས་ཡོངས་སུ་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པ་དེ་ཁྱོན་ཡོངས་ནས་མངོན་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།