མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གིས་སྡེ་དམངས་རང་སྐྱོང་ཐད་གྲུབ་འབྲས་མངོན་གསལ་བླངས་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན།  ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གིས་བདེ་འཇགས་མང་རྫོང་འཛུགས་སྐྲུན་བྱེད་པ་དེ་ལས་འགན་གཙོ་བོར་བཞག་སྟེ་ཁྱོན་ཡོངས་ནས་མང་ཚོགས་ཀྱི་རང་བདག་སློབ་གསོ་དང་རང་བདག་དོ་དམ། རང་བདག་ཞབས་ཞུ་བཅས་ཀྱི་རང་སྐྱོང་ནུས་པ་མཐོར་འདེགས་སུ་བཏང་སྟེ་སྡེ་དམངས་ཀྱི་རང་སྐྱོང་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས།

གཞི་རིམ་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད། མང་རྫོང་གིས་ཁྱོན་ཡོངས་ནས་སྡེ་བའི་ཏང་ཀྲི་པུའུ་གཙོ་ཡིན་པའི་སྡེ་དམངས་རང་སྐྱོང་རྩ་འཛུགས་འཛུགས་སྐྲུན་བྱས་པ་དང་། སྐབས་བརྗེ་བྱ་བ་གཙོར་བཟུང་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་འགོ་ཁྲིད་ཚན་ཁག་ཇེ་དྲག་ཏུ་བཏང་བར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པའི་དཔུང་སྡེའི་སྒྲིག་གཞི་ཇེ་ལེགས་སུ་བཏང་ལ། སྲིད་འཛིན་སྡེ་བ་སོ་སོས་གཏན་ཁེལ་བྱས་པའི་འཕེལ་རྒྱས་འཆར་འགོད་སོགས་དམངས་གཙོའི་ཇུས་འགོད་དང་དམངས་གཙོའི་ལྟ་སྐུལ་འོག་བཀོད་སྒྲིག་བྱས།  སྡེ་བ་རིམ་པའི་སྤྱི་ཚོགས་བདེ་སྐྱོང་དོགས་ཟོན་ནང་རྐྱེན་སྔར་ལས་ལྷག་པའི་སྒོ་ནས་འཐུས་ཚང་དུ་བཏང་བ་བརྒྱུད་དེ་སྡེ་བ་སོ་སོར་ཞབས་ཞུ་དོ་དམ་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་འགལ་བ་རྩོད་གཞི་མཉམ་དུ་འདུམ་འགྲིག་བྱེད་པའི་སྡེ་དམངས་རང་སྐྱོང་དཔུང་སྡེ་འཛུགས་སྐྲུན་བྱས་པ་རེད།

མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་སྡེ་བ་རིམ་པའི་དམངས་གཙོ་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྡེ་བའི་ལས་དོན་དོ་དམ་གྱི་དཀའ་གནད་ཐག་གཅོད་བྱེད་ཆེད། མང་རྫོང་གིས་ཧུར་ཐག་གིས་སྡེ་བ་སོ་སོར་སྣེ་ཁྲིད་བྱས་ཏེ་སྡེ་སྲོལ་དམངས་ཆིངས་འཐུས་ཚང་དུ་བཏང་བ་དང་། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་དགོས་གཏུག་གི་རེ་བ། བསམ་བློའི་ངོས་ཟིན་ཅུང་གཅིག་གྱུར་ཡིན་པའི་དོན་དག་སྡེ་སྲོལ་དམངས་ཆིངས་བརྒྱུད་ནས་ཚད་ལྡན་དུ་བཏང་སྟེ་མང་ཚོགས་ཀྱི་རང་བདག་དོ་དམ་དང་རང་བདག་ལྟ་སྐུལ་མངོན་འགྱུར་བྱས། དེ་མིན་རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་སློབ་གསོ་ཇེ་དྲག་ཏུ་བཏང་སྟེ་སྡེ་དམངས་ཀྱི་རང་འགུལ་སྒོས་ཁྲིམས་ལུགས་ཀྱིས་གཏན་ཁེལ་བྱས་པའི་རིགས་སོ་སོའི་ལས་འགན་ལག་བསྟར་བྱེད་པ་དང་རང་འགུལ་སྒོས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལྟར་བཀོད་སྒྲིག་བྱས་པའི་རིགས་སོ་སོའི་བྱ་བ་ཡོངས་འགྲུབ་བྱེད་པར་སྣེ་ཁྲིད་བྱས་པ་རེད།

མིག་སྔར། རྫོང་ཡོངས་སུ་བདེ་འཇགས་སྡེ་བ་75དང་བདེ་འཇགས་ཁྱིམ་ཚང་18327གསར་འཛུགས་བྱས་པ་དང་བདེ་འཇགས་མང་རྫོང་འཛུགས་སྐྲུན་བྱེད་པའི་ཤུགས་ཚད་མངོན་གསལ་གྱིས་ཇེ་ཆེར་སོང་། ཞིང་སྡེ་དང་འབྲོག་ཁུལ་དུ་དོན་དག་སྒྲུབ་ན་ཁྲིམས་ལ་བརྟེན་པ་དང་གནད་དོན་ལ་འཕྲད་ཚེ་ཁྲིམས་བཀོལ་སྤྱོད་བྱེད་པ། འགལ་བ་ཐག་གཅོད་བྱེད་ཚེ་ཁྲིམས་ལ་བརྟེན་པ་སོགས་ཀྱི་སྣང་ཚུལ་གྲུབ་པར་བྱས་ནས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་འཕེལ་རིམ་མངོན་གསལ་སྒོས་ཇེ་མགྱོགས་སུ་བཏང་བ་རེད།