ཉེ་བའི་ལོ10ཡི་ནང་རང་ཞིང་གི་སྙིང་ཁྲག་རྩའི་ནད་ཀྱིས་ཚེ་ལས་འདས་ཚད37.5%འཕར་སྣོན་བྱས་འདུག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རང་ཞིང་གིས་སྙིང་ཁྲག་རྩའི་ནད་བཅས་འགོག་བཅོས་ཀྱི་བྱེད་ནུས་ཆེ་རུ་གཏོང་ཆེད། སྔར་ལས་ལྷག་པའི་སྒོ་ནས་རང་ཞིང་གི་སྙིང་ཁྲག་རྩའི་ནད་འགོག་བཅོས་ལས་དོན་གྱི་ཞབས་འདེགས་ཇེ་ལེགས་སུ་གཏོང་ཆེད། རྒྱལ་ཁབ་ཀྱི་སྙིང་ཁྲག་རྩའི་ལྟེ་གནས་ཀྱིས་ཀྲུང་གོའི་སྙིང་ཁྲག་རྩའི་ནད2016ལོར་ཞེས་པའི་དྲིལ་བསྒྲགས་ཚོགས་འདུ་ཟི་ལིང་ནས་བསྡུས། གསར་འགོད་པས་ཚོགས་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་སྡོད་མི་ཁྲི1གི་ཁྲོད་དུ་མི227ནི་སྙིང་ཁྲག་རྩའི་ནད་ཀྱིས་ཚེ་ལས་འདས་བཞིན་ཡོད་པ་དང་། སྙིང་ཁྲག་རྩའི་ནད་ཀྱིས་ཚེ་ལས་འདས་ཚད་ཉེ་བའི་ལོ10རིང37.5%ཡར་འཕར་ཟིན། སྡོད་དམངས་ཚེ་ལས་འདས་ཚད་ཀྱི་གྲུབ་ཚུལ40%ཡིན་འདུག གཞི་གྲངས་འདི་དག་གིས་རང་ཞིང་གི་སྙིང་ཁྲག་རྩའི་ནད་ཀྱི་ཤི་ཚད་མགྱོགས་མྱུར་ངང་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 2015ལོར་རང་ཞིང་གིས་སྡོད་དམངས་ཤི་རྐྱེན་ལ་ཕྱི་ལྟའི་རྟོག་དཔྱད་བྱས་པ་དང་། རྟོག་དཔྱོད་གཞི་གྲངས་ལས་མངོན་པ་ལྟར་ན། སྙིང་ཁྲག་རྩའི་ནད་ཀྱིས་ཤི་ཚད227/10ཁྲི་འཕར་སྣོན་བྱས་འདུག ཉེ་བའི་ལོ་བཅུ་ཡི་རིང37.5%འཕར་སྣོན་བྱས་འདུག རང་ཞིང་གི་སྙིང་ཁྲག་རྩའི་ནད་དང་ཚེ་ལས་འདས་ཚད་གོང་དུ་འཕར་བཞིན་ཡོད་པ་དང་། སྐྲན་ནད་དང་ནད་གཞན་པ་ལས་ཚད་གཞི་མཐོན་པོར་སླེབས་འདུག སྡོད་དམངས་རིམ་ནད་ལས་འདས་ཚད་གྱི་གྲུབ་ཚུལ་ལས40%ཡན་ཡིན་པ་མ་ཟད། ལོ་འདི་གའི་རིང་། རོང་འབྲོག་སྙིང་ཁྲག་རྩའི་ནད་ཀྱི་ཚེ་ལས་འདས་ཚད་གྲོང་ཁྱེར་ལས་མཐོར་བར་འདུག སྙིང་ཁྲག་རྩའི་ནད་ཀྱི་རིམ་ནད་འགན་ཁུར་ཇེ་ཆེར་སོང་ནས། ཐུན་མོང་གི་འཕྲོད་བསྟེན་གྱི་གནད་དོན་ཆེན་པོ་ཞིག་ཏུ་གྱུར་འདུག

ཐེངས་འདིར།2016ལོའི་ཀྲུང་གོའི་སྙིང་ཁྲག་རྩའི་ནད་ཀྱི་སྙན་ཞུ་ནི་རང་རྒྱལ་ཐེངས་བཅུ་གཅིག་པར་འགྲེམས་སྤེལ་བྱས་པའི་ལོ་དེབ་ཡིན་པ་དང་། སྙན་ཞུ་ལས་རང་ཞིང་གི་སྙིང་ཁྲག་རྩའི་ནད་ཀྱི་ཉེན་ཁའི་གྲུབ་རྒྱུ་རྐྱེན་ཡི་ཆུ་ཚད་ཡོངས་ཁྱབ་ཏུ་ཕྱིར་མངོན་སོང་། ཁྲག་རྩ་མཐོན་པོ་དང་། ཁྲག་ཚིལ་རྒྱུན་ལྡན་མ་ཡིན་པ། གཅིན་སྙི་ཟགས་ཁུ་དང་ཤ་རྒྱགས་དྲགས་པའི་ནད་རྒྱུན་མཐུད་ངང་འཕར་གྱི་ཡོད་པས། རང་ཞིང་གི་སྡོད་དམངས་ཀྱི་སྙིང་ཁྲག་རྩའི་བདེ་ཐང་ལ་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་པ་དང་། ཐེངས་འདིའི་ཚོགས་འདུ་བརྒྱུད་ནས། གྲོས་འགོ་བཏོན་ནས་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་སྒོས་སྙིང་ཁྲག་རྩའི་ནད་ཀྱི་འཐབ་ཕྱོགས་རྒྱ་ཁྱབ་ཏུ་འཛུགས་སྐྲུན་བྱ་བར་གྲོས་འདོན་བྱས་ནས། སྙིང་ཁྲག་རྩའི་ནད་ལ་བཀག་འགོག་བྱས་ཏེ་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས།

ལོ་ཙཱ་བ།རྟ་མགྲིན་དཔལ།