ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས2018ལོའི་ལུགས་གསར་ལུགས་རྙིང་གི་ལོ་སར་སྐབས་སུ་བཏོན་པའི“ནན་འགོག་བཅུའི”སྒྲིག་ཁྲིམས་བླང་བྱ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   ཉེ་སྔོན།   ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པས་གཟབ་ནན་གྱིས“ནན་འགོག་བཅུའི”སྒྲིག་ཁྲིམས་བླང་བྱ་བརྩི་སྲུང་བྱས་ཏེ།  2018ལོའི་ལུགས་གསར་ལུགས་རྙིང་གི་ལོ་སར་སྤྱོད་གཙང་གིས་རོལ་བར་འགན་ལེན་བྱེད་དགོས་ཟེར།  

“ནན་འགོག་བཅུའི”སྒྲིག་ཁྲིམས་བླང་བྱ།  

གཅིག གཞུང་དངུལ་བཀོལ་ནས་ཕན་ཚུན་ལ་འཚམས་འདྲི་དང་ལྷན་འཛོམས་ཀྱིས་ལོ་སར་ལ་འཚམས་འདྲི་སོགས་བྱས་མི་ཆོག (དཀའ་ངལ་ཅན་གྱི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་བྱེད་པ་ཁོངས་སུ་མི་ཚུད)

གཉིས།   རིམ་པ་འོག་མས་ལོ་སར་ལ་ཁ་གཡར་ནས་གོང་རིམ་ལ་ལག་སྐྱེས་སྟེར་བ་དང་གསོལ་སྟོན་སོགས་བྱས་མི་ཆོག

གསུམ།  ནོར་སྲིད་རང་བཞིན་གྱི་མ་དངུལ་གྱིས་ལོ་སར་སྤྲོ་ཚོགས་དང་ཚོང་གཉེར་རང་བཞིན་གྱི་རིག་རྩལ་དགོང་ཚོགས་བསྡུས་མི་ཆོག

བཞི།   གཞུང་དངུལ་བཀོལ་ནས་ལོ་སར་གྱི་ཤིས་བྱང་དང་ཤོག་སྦག་སོགས་ལོ་སར་གྱི་ལེགས་སྐྱེས་ཉོས་མི་ཆོག

ལྔ།  གཞུང་དོན་སྣེ་ལེན་དང་གོ་སྐབས་བཙལ་ནས་རྒྱས་བཟའ་རྒྱས་འཐུང་བྱེད་དུས་གཏན་འཁེལ་བྱས་པའི་ཚད་གཞི་དང་ཁྱབ་ཁོངས་ལས་བརྒལ་མི་ཆོག

དྲུག སྒྲིག་འགལ་གྱིས་ཕོགས་སྣོན་དང་ཁ་གསབ་སྤྲོད་པ།བྱ་དགའི་དངུལ་དང་དངོས་བོ་སོགས་བྱིན་མི་ཆོག

བདུན།  སྒྲིག་འགལ་གྱིས་ལེགས་སྐྱེས་དངོས་བོ་དང་སྒོར་མོ།  རིན་ཡོད་དངུལ་འཛིན། གློག་རྡུལ་དངུལ་འཛིན་ལེགས་སྐྱེས།  སྐད་འཕྲིན་ཁུག་དམར་དང་འཛད་སྤྱོད་བྱང་བུ་སོགས་བླངས་མི་ཆོག

བརྒྱད།   སྒྲིག་འགལ་གྱིས་གཉེན་སྟོན་དང་འདས་མཆོད་སོགས་སྒྲུབ་མི་ཆོག

དགུ། དོ་དམ་ཞབས་ཞུ་བྱ་ཡུལ་གྱིས་གསོལ་སྟོན་དང་ཡུལ་སྐོར།  སྤྲོ་གསེང་སོགས་ཀྱི་བྱ་འགུལ་བཀོད་སྒྲིག་བྱས་ན་དང་ལེན་བྱས་མི་ཆོག

བཅུ།  གཞུང་འཁོར་སྒེར་གཅོད་དང་སྒེར་འཁོར་གཞུང་གསོ་བྱེད་པའམ་རིམ་པ་འོག་མའི་ལས་ཁུངས་དང་ཞབས་ཞུ་བྱ་ཡུལ་ལ་རླངས་འཁོར་གཡར་མི་ཆོག

རིམ་པ་སོ་སོའི་ཏང་ཨུས(ཏང་རྩ་འཛུགས)ཆབ་སྲིད་གནས་བབ་དང་ཆབ་སྲིད་འདུ་ཤེས་སྔར་ལས་ཇེ་མཐོར་བཏང་སྟེ་ནམ་ཡང་མཇུག་མི་སྒྲིལ་བའི་སྙིང་རུས་དང་སེམས་ཤུགས་བརྟན་པོས་ཀུན་སྤྱོད་ལེགས་བསྒྱུར་བྱ་རྒྱུ་དེ་གཏིང་ཟབ་ཀྱིས་འཕེལ་རྒྱས་འགྲོ་བར་དུས་གཏན་དུ་སྐུལ་འདེད་བྱེད་དགོས།    རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་ཀྱིས་དམིགས་གསལ་དབང་ཆའི་བསམ་བློ་དང་དམིགས་གསལ་དབང་ཆའི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ།  སྤྱོད་ཚུལ་ལེགས་བཅོས་བྱེད་པར་སྣེ་ཁྲིད་དང་ལག་ལེན་དངོས་བྱེད་པ།  གོང་དཔེ་འོག་སྟོན། གོང་རིམ་གྱིས་འོག་རིམ་ལ་མིག་དཔེ་སྟོན་པ།སྤྱོད་གཙང་སྣེ་ཁྲིད་ཀྱི་ནུས་པ་ཐོན་པར་བྱས་ཏེ་དུས་ཆེན་གྱི་རུལ་སུངས་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།  

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཞུ་གཏུག་ཁ་པར།     0971-12388 དྲ་ཚུགས། http://qinghai.qhjc.gov.cn/