ནུའོ་མུའུ་ཧུང་འདྲེ་ཚེར་ཏུན7ལྷག་དེང་རབས་ཅན་གྱི་ཚོང་ལས་ལ་ཕྱོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་རྫོང་གིས་ནུའོ་མུའུ་ཧུང་འདྲེ་ཚེར་ཏུན7ལྷག་ཀྲུང་གོའི་སྦྲགས་སྲིད་གློག་རྡུལ་ཚོང་རའི་གར་སྟེགས་བརྒྱུད་ནས་གྲོང་ཁྱེར་ནང་སོང་སྟེ། དུས་ཡུན་ཉིན་དྲུག་གི་ནང་དུ་མངག་ཉོ་ཕྱིར་འཚོང་མཁན་ཁྲི5.2ལ་སླེབས་བྱུང་།དེའི་ཁྲོད་མངག་ཉོ་མཁན95%ཡན་ནི་ཞིང་ཆེན་གཞན་པའི་མི་ཡིན་འདུག

ཀྲུང་གོའི་སྦྲགས་སྲིད་9.19ཉོ་སྒྲུབ་དུས་ཆེན་དངོས་སུ་འགོ་བརྩམས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་སྦྲགས་སྲིད་ཡན་ལག་ཀུང་སིས་ཞིང་ཆེན་གྱི་ས་གནས་ཁག་གིས་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལ་ཧུར་ཐག་སྒོས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་པར་བརྩོན་ལེན་བྱས་ཏེ། ཆེས་འགོ་མར་མཚོ་ནུབ་དུར་ལམ་རྗོང་ནུའོ་མུའུ་ཧུང་འདྲེ་ཚེར་ནང་དུ་བཞག་པ་རེད། ཐེངས་འདིའི་བྱ་འགུལ་ཁྲོད། མཚོ་སྔོན་གྱི་ལྷད་མ་འདྲེས་པའི་རང་བྱུང་གི་ཐོན་རྫས་ཡིས་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་ལྗང་ལམ་བསྐྲུན་པར་ཞིང་འབྲོག་ཁུལ་གྱི་མང་ཚོགས་གྱིས་བྲིན་ཚོང་མཁོ་འདོན། ཐུམ་སྒྲིལ།བསྐུར་སྐྱེལ་སོགས་ཀྱི་གོ་རིམ་ཆ་ཚང་གི་ཞབས་ཞུ་སྒྲུབ་ནས། སྦྲགས་སྲིད་ཀྱི་དྲ་ཐོག་ཚོང་ཁང་ལས་སྟེགས་བུ་ཡིས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་མ་བཏང་བ་མ་ཟད། གྲོང་ཁྱེར་གྱི་གྲོང་མིས་ཞིང་ལས་ལྗང་མདོག་ཐོན་རྫས་ཀྱི་དགོས་མཁོ་ནུས་ལྡན་ངང་སྐོང་ཐུབ་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།