བཙན་ཤེད་ནད་དེ་ཀླད་པའི་གཉན་ཚད་དང་འབྲེལ་བ་ཡོད་པར་སྙམ།

ཉེ་ཆར《སྨྱོ་ནད་རིག་པའི་དུས་དེབ》སྟེང་བཀོད་པའི་ཞིབ་འཇུག་ལྟར་ན།  བཙན་ཤེད་ནད་མིའི་ཀླད་པར་བྱུང་བའི་གཉན་ཚད་ཧ་ཅང་མཐོ་བ་རེད། འདི་ནི་སྨན་བཅོས་འཆར་གཞི་གསར་བ་གཏན་འཁེལ་ལ་ཕན་པ་ཡོད་པར་ཤེས་རྟོགས་བྱུང་།

བཙན་ཤེད་ནད་པས་རྒྱུན་པར་དོན་དག་ཅིག་ལ་རང་དབང་མེད་པར་ཡང་ཡང་བསྒྲུབས་པ་སྟེ།  དཔེར་ན་རྒྱུན་ཆད་མེད་པར་ལག་པ་བཀྲུ་བའམ་སྒོ་ཁའི་ཟྭ་ཡང་ཡང་དུ་བརྒྱབ་ནས་རང་གི་སུན་སྣང་ཇེ་ལྷོད་དུ་གཏོང་བ་ལྟ་བུ། ཁ་ན་ཏའི་ཞིབ་འཇུག་པས་བཙན་ཤེད་ནད་པ20དང་ནད་དེ་རིགས་མེད་པའི་མི20ལ་ཤན་སྦྱར་ཞིབ་འཇུག་བྱས་མཐར།  བཙན་ཤེད་ནད་པའི་ཀླད་པའི་ཁྱབ་ཁོངས6གི་གཉན་ཚད་དེ་བཙན་ཤེད་ནད་མེད་པའི་མི་ལས32%མཐོ་བ་ཤེས།

ཞིབ་འཇུག་དེའི་རྩོམ་པ་པོའམ་འབུམ་རམས་པ་མའེ་ཡེ་ཡིས་བསྟན་དོན། ཁོ་ཚོའི་ཞིབ་འཇུག་ནང་མཚོན་པ་ལྟར་ན། ཀླད་པའི་གཉན་ཚད་དང་བཙན་ཤེད་ནད་པར་འབྲེལ་བ་དམ་པོ་ཡོད། ཐེངས་འདིར་ཤེས་རྟོགས་བྱུང་བ་ནི་བཙན་ཤེད་ནད་ཀྱི་སྐྱེ་དངོས་ཆགས་ཚུལ་ལ་རྒྱུས་ལོན་བྱེད་པའི་ཐད་ནས་ཐོད་བརྒལ་ཆེན་པོ་ཞིག་བྱུང་བར་འདོད།

མའེ་ཡེ་ཡིས་བསྟན་དོན། གཉན་ཚད་དམ་སྦས་སྐྲངས་ནི་ལུས་ཁམས་ཀྱིས་ནད་འགོ་བ་དང་རྨ་ཁ་ལ་འགྱུར་འབྱུང་བྱེད་པ་ཡིན། དེ་ལུས་ཕུང་གི་རྨ་ཁ་དྲག་པར་ཕན་པ་ཡོད་མོད། འོན་ཀྱང་མཚམས་མཚམས་སུ་གནོད་པ་ཡང་ཡོད་པས། ཕན་པ་དང་གནོད་པའི་བར་གྱི་དོ་སྙོམས་བསྒྱུར་བ་ནི་བཙན་ཤེད་ནད་སྨན་བཅོས་བྱེད་པའི་གནད་འགག་ཡིན་པར་འདོད། ཁོས་བལྟས་ན།  ནད་གཞན་དག་གི་ཀླད་པའི་གཉན་ཚད་སྨན་བཅོས་བྱས་ན་བཙན་ཤེད་ནད་ཀྱི་སྨན་བཅོས་ལ་ཕན་པ་ཡོད་པར་སྙམ། མིག་སྔར་བཙན་ཤེད་ནད་རིམ་པ་གསུམ་པར་སྨན་བཅོས་བྱེད་པའི་སྨན་རྫས་ད་དུང་མེད་ལ། ན་གཞོན1%དང་དར་མ2%ལ་བཙན་ཤེད་ནད་བྱུང་ཡོད།

མའེ་ཡེ་ཡིས་བསྟན་དོན། མིག་སྔར་ཞིབ་འཇུག་མང་པོ་བྱས་ནས་ཀླད་པའི་གཉན་ཚད་བྱུང་བའི་དམིགས་བསལ་རྒྱུ་རྐྱེན་བཙལ་དགོས་པར་མ་ཟད། ད་དུང་གཉན་ཚད་ཀྱི་གནོད་པ་ཉུང་འཕྲི་དང་དེའི་ཕན་པ་ཇེ་མང་དུ་གཏོང་བའི་བྱེད་ཐབས་ཤིག་བཙལ་དགོས།  དེ་ལྟར་བྱས་ན་ད་གཟོད་བཙན་ཤེད་ནད་སྨན་བཅོས་བྱེད་པའི་འཆར་གཞི་གསར་བ་གསར་གཏོད་བྱེད་ཐུབ་ཟེར།།

2017ལོའི་དུས་དེབ་དྲུག་པ།