ཁྲུང་ཆིན་དུ་འཛམ་གླིང་རིམ་པའི་ཁུང་འབྲུག་འགྱུར་རྡོ་མང་པོ་རྙེད་པ།

ཉེ་སྔོན། ཁྲུང་ཆིན་གྲོང་ཁྱེར་གྱིས་ཡོན་དབྱང་རྫོང་ཕུའུ་ཨན་ཞང་ཁུང་འབྲུག་འགྱུར་རྡོ་མྱུར་སྐྱོབ་རང་བཞིན་གྱི་སྔོག་འཚོལ་གྲུབ་འབྲས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཏེ། ཡོན་དབྱང་རྫོང་ཕུའུ་ཨན་ཞང་ལའོ་ཅུན་སྡེ་བར་འཛམ་གླིང་རིམ་པའི་ཁུང་འབྲུག་འགྱུར་རྡོ་མང་པོ་རྙེད་པ་དངོས་སུ་ཁྱབ་བསྒྲགས་བྱས།  འགྱུར་རྡོ་དེ་དག་གི་འགྱུར་རྡོ་ཐོན་ཁུངས་ཀྱི་རྒྱ་ཁྱོན་ཆེ་ལ། ས་གཤིས་དུས་རིམ་ནི་ཀྲུའུ་ལུའོ་དུས་རབས་ཀྱི་ཐོག་མཐའ་བར་གསུམ་ལས་བརྒལ་ཡོད། འགྱུར་རྡོའི་སྣ་ཁ་མང་བ་དང་། ཚན་ཞིབ་དང་གསར་གཏོད་བེད་སྤྱོད་ཀྱི་རིན་ཐང་ཆེ། མིག་སྔར་ཁུང་འབྲུག་འགྱུར་རྡོར་སྣ་ཁ་ཆེན་པོ་ལྔ་ཡོད་པ་གཏན་འཁེལ་བྱས་པ་དང་།  རིང་ཚད་སྨི150དང་མཐུག་ཚད་སྨི2། མཐོ་ཚད་སྨི8བཅས་ཀྱི"ཁུང་འབྲུག་འགྱུར་རྡོ་གྱང་ངོས"ཤིག་ཆགས་ཡོད།  འཚོལ་ཞིབ་ཐིག་ལེན་བྱས་པ་ལྟར་ན།  "ཁུང་འབྲུག་འགྱུར་རྡོ་གྱང་ངོས"ཀྱི་ཞབས་ནས་ད་དུང་ཁུང་འབྲུག་འགྱུར་རྡོ་མང་པོ་ཡོད་པ་དང་། གཏིང་ཚད་ལ་སྨི20ཡོད་སར་སྦས་ཡོད།།