ཝང་གོ་ཧྲིན་གྱིས་མགོ་འཛིན་མཛད་དེ་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བ་ཟབ་སྤེལ་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   ཟླ12པའི་ཚེས26ཉིན།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བ་ཟབ་སྤེལ་ཚན་ཆུང་གི་ཚོགས་གཙོ་ཝང་གོ་ཧྲིན་གྱིས་མགོ་འཛིན་མཛད་དེ་ཞིང་ཆེན་རྒྱལ་ཁབ་ལྟ་ཞིབ་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་བྱ་བ་ཟབ་སྤེལ་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས། དུས་སྔོན་མའི་བཅོས་བསྒྱུར་ཚོད་ལྟའི་བྱ་བ་སྐུལ་འདེད་བྱས་པའི་གནས་ཚུལ་སྙན་ཞུ་ལ་ཉན་ཏེ་རྗེས་མའི་བྱ་བའི་བཀོད་སྒྲིག་ལ་ཞིབ་འཇུག་བྱས།    ཝང་གོ་ཧྲིན་གྱིས་ནན་གྱིས་བསྟན་དོན།  ཞི་ཅིན་ཕེན་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། འདུ་ཤེས་བཞི་སྲ་བརྟན་དང་འགན་ཁུར་ཇེ་དྲག་ཏུ་གཏོང་བ།   གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་དང་ལྟ་སྐུལ་མཛུབ་སྟོན་ཇེ་དྲག་ཏུ་བཏང་སྟེ། ལྟ་ཞིབ་ལམ་ལུགས་བཅོས་བསྒྱུར་ཚོད་ལྟའི་བྱ་བ་ཞིབ་ཕྲའི་སྒོ་ནས་དོན་འཁྱོལ་བྱས་ཏེ་རང་ཞིང་གི་བཅོས་བསྒྱུར་ཚོད་ལྟའི་ལས་འགན་དུས་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱུང་བར་འགན་ལེན་བྱེད་དགོས་ཟེར།  

ཝང་གོ་ཧྲིན་གྱིས་བསྟན་དོན།  ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་ཚུན་ལ་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་སྡེ་ཁག་གིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་བྱས་ཏེ།  ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་རིམ་པ་གསུམ་པའི་ལྟ་ཞིབ་ལམ་ལུགས་བཅོས་བསྒྱུར་ཚོད་ལྟའི་བྱ་བ་གོམ་སྟབས་བརྟན་པོའི་སྒོ་ནས་སྐུལ་འདེད་བྱས་པར་གྲུབ་འབྲས་ཀྱང་མི་དམན་པ་ཞིག་བླངས་ཏེ་དུས་ལྟར་ཚོད་ལྟའི་ལས་འགན་ལེགས་འགྲུབ་བྱེད་ཐུབ་པར་རྨང་གཞི་བརྟན་པོ་ཞིག་བཏང་ཡོད་ཟེར།

ཝང་གོ་ཧྲིན་གྱིས་བསྟན་དོན།  བཅོས་བསྒྱུར་ཚོད་ལྟའི་བྱ་བ་ཅུང་མགྱོགས་པའི་དུས་རིམ་དུ་སླེབས་ཡོད།   རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བྱ་བ་གཞིར་བཟུང་སྟེ།  ཆབ་སྲིད་གནས་བབ་ཇེ་མཐོ་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་གཏོང་བ།  བཅོས་བསྒྱུར་ཁ་ཕྱོགས་དང་བྱ་བའི་རྩ་དོན་ཡང་དག་པའི་སྒོ་ནས་ཚོད་འཛིན་བྱེད་པ།  གོ་རིམ་ལ་སྐུལ་འདེད།   གཙོ་གནད་འབུར་ཐོན། གནད་འགག་དམ་འཛིན་དང་ནུས་ཤུགས་མཉམ་འདོན་གྱིས་ཚོད་ལྟའི་བྱ་བ་དམ་འཛིན་དང་དངོས་འཛིན་ཞིབ་ཚགས་ཀྱི་སྒོ་ནས་སྒྲུབ་དགོས།    ཞིང་ཆེན་ཚོད་ལྟའི་བྱ་བའི་ཚན་ཆུང་གིས་གཅིག་གྱུར་འཆར་འགོད་མཐུན་སྒྲིག་དང་ལས་ཡུན་ལྡོག་སྒྲིག་མུ་མཐུད་དུ་ཇེ་དྲག་ཏུ་བཏང་སྟེ་རྣམ་གྲངས་རེ་རེར་དམ་འཛིན་གྱིས་དོན་འཁྱོལ་བྱེད་དགོས།     ཚོགས་མིའི་ལས་ཁུངས་སོ་སོས་དག་སྒྲིག་དོན་འཁྱོལ་གནས་ཚུལ་ཞིབ་བཤེར་བྱས་ཏེ་མཐུན་སྒྲིག་ཇེ་དྲག་གིས་སྤྱི་ཡོངས་སྐུལ་འདེད་བྱེད་དགོས།    ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་ཏང་ཨུའི་འགན་གཙོ་བོ་ཁུར་དགོས་ལ་ཏང་ཨུའི་ཧྲུའུ་ཅི་ཡིས་ཨར་ལས་རུ་དཔོན་གྱི་འགན་ཁུར་དགོས།  ཞིང་ཆེན་དང་གྲོང་ཁྱེར། ཁུལ་དང་རྫོང་མཁར་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཆེད་འགན་ཁུར་ཏེ་རྩ་འཛུགས་ལག་བསྟར་དང་ལས་འགན་དོན་འཁྱོལ་བྱེད་པར་དམ་འཛིན་བྱེད་དགོས།   རིམ་པ་སོ་སོས་ཚོད་ལྟའི་བྱ་བའི་ཚན་ཆུང་དང་གཞུང་སྒྲུབ་ཁང་གིས་མཛུབ་སྟོན་མཐུན་སྒྲིག་ཞབས་ཞུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།  

ལིག་ཉིང་དང་ཐིན་ཅཱ་ཚའེ། ཝང་ཡུས་པོ། ཡུས་ཚུང་ལི། སྟག་འབུམ་ཐར་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།