གཙང་གསུམ་ཆུ་འགོའི་ས་ཁུལ་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་འཛུགས་སྐྲུན་གྱི་ངོ་མཚར་ཆེ་བའི་བྱས་རྗེས་བདེན་དཔང་བྱས་པ།

མི་དམངས་དྲ་བའི་འཕྲིན། མཚོ་བོད་མཐོ་སྒང་གི་ལྟེ་བར་ཆགས་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་གྱི་འབྱུང་ཁུངས་ཡིན་པ་དང་། དེས་གཙང་པོ་དང་ཆུ་བོའི་དབུས་སྨད་རྒྱུད་ཀྱི་མི་འབོར་དུང་ཕྱུར་6ལས་བརྒལ་བ་གསོ་སྐྱོང་བྱེད་ཀྱི་ཡོད་པ་དང་། དེ་ནི་རང་རྒྱལ་གྱི་སྐྱེ་ཁམས་ནུས་པ་ཐོན་ཁུལ་གལ་ཆེ་ཤོས་ཤིག་ཡིན་ཞིང་། "ཀྲུང་གོའི་ཆུ་འདྲེན་མཐོ་ལྕོག"ཅེས་པའི་མཚན་སྙན་ཐོབ་ཡོད་པ་རེད། 2005ལོར། རང་རྒྱལ་གྱིས་གཙང་གསུམ་ཆུ་འགོའི་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་གཞིའི་ལས་དུས་དང་པོ་ལས་འགོ་བརྩམས་ནས་རྩྭ་ཐང་གི་སྔོ་ཁེབས་སླར་གསོ་དང་བྱེ་ཐང་དུ་འགྱུར་བར་ལེགས་བཅོས་སོགས་སྐྱེ་ཁམས་ཉམས་གསོ་ཁྱབ་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར་86.5བཏང་ཡོད་པ་རེད། 2014ལོར་བཅོས་སྐྱོང་རྒྱ་ཁྱོན་སྔར་ལས་རྒྱ་ཆེ་བ་དང་། ཚད་གཞི་སྔར་ལས་ནན་པོ་ཆེ་བའི་གཙང་གསུམ་ཆུ་འགོའི་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་གཞིའི་ལས་དུས་གཉིས་པ་མུ་མཐུད་ནས་ལས་འགོ་ཚུགས་པ་དང་། མིག་སྔའི་བར་དུ་མ་དངུལ་སྒོར་དུང་ཕྱུར་97གཏོང་འགན་ལེགས་འགྲུབ་བྱས་པ་རེད།