རླངས་འཁོར་འཇོག་ས་རུ་རླངས་འཁོར་ལ་གནོད་སྐྱོན་བཟོས་ན་སུས་འགན་ཁུར་དགོས།

སྐབས་འདིར། གསར་འགོད་པས་མཚོ་སྔོན་བཅའ་ཁྲིམས་རོགས་སྐྱོར་གྱི་ཁྲིམས་རྩོད་པ་ལ་འདྲི་རྟོག་བྱས་པ་ལྟར་ན། ཁོ་ཡིས་གསར་འགོད་པར་བཤད་རྒྱུར།  ཚོང་ར་ཡིས་མཁོ་འདོན་བྱས་པའི་རླངས་འཁོར་འཇོག་ས་རིན་མེད་དང་རིན་ཡོད་གཉིས་ཀྱི་གང་ཡིན་ཡང་། ཚོང་བདག་དང་འཛད་སྤྱོད་ཀྱི་འབྲེལ་བ་ཡོད་དུས་རླངས་འཁོར་འཇོག་ས་རུ་རླངས་འཁོར་ལ་གནོད་སྐྱོན་བཟོས་པ་ཡིན་ན། རླངས་འཁོར་འཇོག་ས་ཡི་འགན་ཁུར་མི་སྣས་འགན་ཁུར་ཡོད་ཚད་འཁུར་དགོས། དེ་བས་སྐུ་ཞབས་ཀྲང་གིས་རླངས་འཁོར་འཇོག་ས་རུ་སྒོར་མོ་སྤྲད་ཟིན་པས། ཕན་ཚུན་ལ་གན་རྒྱུ་བཞག་པ་དང་གཅིག་མཚུངས་ཡིན་སོང་། དེར་མ་ཟད་སྐུ་ཞབས་ཀྲང་གི་རླངས་འཁོར་ལ་གནོད་སྐྱོན་བཟོས་པ་དེ། རླངས་འཁོར་འཇོག་སའི་བརྙན་མིག་ཚད་ལྡན་མིན་པས། སྐུ་ཞབས་ཀྲང་གིས་རླངས་འཁོར་འཇོག་སའི་དབང་ཆ་འགན་སྲུང་བྱས་ཆོག

ཟླ་ཕྱེད་ཀྱི་སྔོན་དུ། སྐུ་ཞབས་ཀྲང་གྲོགས་པོའི་མགྲོན་འབོད་བྱས་ཏེ། ཡན་ཧོ་སྲང་གི་ཟ་ཁང་ཆེན་པོ་ཞིག་གི་སྒོ་འགྲམ་དུ་ཐོན་དུས། རླངས་འཁོར་བསྐོར་ནས་རླངས་འཁོར་འཇོག་སའི་གཏན་འཁེལ་གྱི་གནས་དེར་བཞག་རྗེས། རླངས་འཁོར་བཞག་པའི་བྱང་བུ་བླངས་ཏེ། ཟ་མ་ཟས་ཚར་རྗེས། ཀྲང་སྐུ་ཞབས་ཀྱིས་རླངས་འཁོར་ལེན་དུས། རླངས་འཁོར་སྟེང་དུ་དངོས་པོ་ཟུར་ཅན་ཞིག་གསིང་ལ་བརྡབ་ནས་གསལ་བོ་ཞིག་བྲད་འདུག  རླངས་འཁོར་ཉོས་ནས་ཅུང་འགོར་མེད་པའི་ཁོ་རང་ཡིད་སེམས་ཧ་ཅང་སྡུག་སོང་།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། སྐུ་ཞབས་ཀྲང་གིས་ཟ་མ་ཟ་དུས་དུས་ཚོད་བདུན་ལ་ཐོན་ཡོད་པ་དང་། དུས་ཚོད་བརྒྱད་ཀྱི་སྟེང་དུ་འགྲོ་གྲབས་བྱེད་དུས་རླངས་འཁོར་སྟེང་དུ་བྲད་འདུག སྐབས་དེ་ཡི་རླངས་འཁོར་བཞག་གླ་སྒོར5ཡིན་པ་དང་། དེ་མ་ཐག་སྐུ་ཞབས་ཀྲང་གིས་རླངས་འཁོར་འདུག་སའི་དོ་དམ་པ་བཙལ་བ་མ་ཟད། ཉེན་རྟོགས་པ་ལ་ཡར་ཞུ་བྱས། འོན་ཀྱང་།ཉེན་རྟོགས་པ་ཡིས་བརྙན་མིག་ཏུ་བཙལ་རྗེས། སྐུ་ཞབས་ཀྲང་གི་རླངས་འཁོར་འཇོག་ས་རུ་བརྙན་མིག་གིས་མཐོང་མི་ཐུབ་པས། གྱོད་དོན་རྩད་ཆོད་བྱུང་བར་དཀའ་ལས་འཕྲད་སོང་། དེ་བས་རླངས་འཁོར་འཇོག་སའི་འགན་ཁུར་མི་སྣ་ཡིས་བཤད་རྒྱུར། སྐུ་ཞབས་ཀྲང་གི་རླངས་འཁོར་བྲད་གནས་ས་འདི་ཡིན་པ་ཐག་གཅོད་བྱེད་དཀའ་བས། ཐེངས་འདིར་རླངས་འཁོར་བྲད་པའི་འགྲོ་སོང་སྒོར2000ལྷག་དེ་ཁོ་རང་ཉིད་ཀྱིས་འཁུར་དགོས་སོང་།  སྐུ་ཞབས་ཀྲང་ཅི་བྱ་གཏོལ་མེད་དུ་གྱུར་ནས་རང་ཉིད་ཀྱིས་ཐག་གཅོད་བྱེད་ཞོར་ཉེན་འགོག་ཀུང་སི་ལ་འབྲེལ་བ་བྱོས་སོང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ས་འདི་ནས་ཟ་མ་ཞིག་ཟ་བར་དུས་ཚོད་གཅིག་དགོས་པ་དང་། སྒོར་བུད་དུས་རླངས་འཁོར་ཐོག་ཏུ་བྲད་འདུག ཉེ་ལམ། གྲོང་མི་སྐུ་ཞབས་ཀྲང་གིས་ཡན་ཧོ་སྲང་ལམ་གྱི་ཟ་ཁང་ཞིག་ནས་ཟ་མ་ཟ་སྐབས་རླངས་འཁོར་འཇོག་གནས་སུ་བཞག་སྟེ།ཟ་མ་ཟས་ཚར་ནས་ཕྱིར་ཡོང་དུས་རླངས་འཁོར་གྱི་གང་ཡིན་སར་བྲད་འདུག དེ་ནས་ རང་གི་ཁེ་དབང་ལ་སྲུང་སྐྱོང་བྱ་ཆེད་དགོང་དྲོའི་ཚགས་པར་ཐད་གཏོང་ལེ་ཚན་གྱིས་དོ་སྣང་བྱ་བར་རེ་ཞུ་བྱས།

ལོ་ཙཱ་བ།རྟ་མགྲིན་དཔལ།