རང་ཞིང་གིས་ཁྲིམས་ལུགས་ཁྱབ་བརྡལ་གྱི་བྱ་འགུལ་སྤེལ་ནས་གྲུབ་འབྲས་བཟང་བོ་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལག་ལེན་མཐིལ་ཕྱིན་སྒོས་ཞིང་ཆེན་ཡོངས་ཀྱི་བདུན་ལྔའི་ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུའི་འཆར་འགོད་དོན་འཁྱོལ་དང་། ཁྲིམས་སྐྱོང་སློབ་གསོ་དེ་རྒྱལ་དམངས་སློབ་གསོའི་མ་ལག་ནང་ཞུགས་པར་ མགྱོགས་མྱུར་ངང་སྐུལ་འདེད་བྱས་ཏེ། གཞོན་ནུ་ལོ་ཆུང་ལ་ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་དང་སློབ་གསོ་རྒྱུད་རིམ་ཅན་དང་། རྒྱུན་གཏན་ཅན་དང་ལམ་ལུགས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས།  2016ལོའི་ཟླ11པར། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་དང་། གུང་གཞོན་སྡེ་ཚོགས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གྲྭ། ཞིང་ཆེན་ཡོངས་ཀྱི་སློབ་ཆེན་སློབ་མའི་ཁྲིམས་ལུགས་ཁྱབ་གདལ་དང་བླངས་དཔུང་ཁག་སོགས་ཀྱི་ཆེད་ལས་ཀྱི་བཟང་ཆ་བེད་སྤྱོད་བྱས་ནས་བཅའ་ཁྲིམས་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ།

མིག་སྔར། མཚོ་སྔོན་དགེ་འོས་སློབ་ཆེན་ཁྲིམས་ལུགས་ཁྱབ་གདལ་དང་བླངས་པས”ང་བཅའ་ཁྲིམས་དང་མཉམ་དུ་འགྲོ”ཞེས་པའི་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་རབ་དང་རིམ་པ་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཧུར་བརྩོན་གྱི་གཞོགས་འདེགས་དང་རོགས་རམ་འོག་བདེ་བླག་ངང་སྤེལ། བྱ་འགུལ་ནང་ཞུགས་མཁན་ལ་འཛིན་གྲྭ་84 ཟིན་པ་དང་། ཁྱོན་བསྡོམས་དགེ་སློབ་གཉིས་ཀ་མི་གྲངས7000ལས་བརྒལ་འདུག ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་བྱེད་བྱ་འགུལ་ཟི་ལིང་གྲོང་ཁྱེར་སློབ་གྲྭ་ཆུང་འབྲིང17 ལ་སྤེལ་བ་དང་།  དེ་དང་དུས་མཚུངས་སུ། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཉེན་རྟོག་ལས་རིགས་སློབ་གྲྭའི་ཁྲིམས་ལུགས་ཁྱབ་གདལ་དང་བླངས་རུ་ཁག་སློབ་མ་ཡིས་ཀྱང་ཧུ་བརྩོན་སྒོས་རང་འགུལ་དུ་འབྲེལ་འདྲིས་བྱས་ནས་ས་ཁོངས་ཀྱི་སློབ་གྲྭ་འབྲིང་ཆུང་52ལ་ཁྲིམས་ལུགས་ཁྱབ་བརྡལ་དུ་བཏང་། འབྲིང་རིམ་ལས་རིགས་སློབ་གྲྭ་སོགས་སུ་དུས་བཅད་ལྟར་རྩ་འཛུགས་བྱས་ནས་ཁྲིམས་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན།  སློབ་ཆེན་སློབ་མའི་ཁྲིམས་ལུགས་ཁྱབ་གདལ་དང་བླངས་པས་འཆད་ཁྲིད་དང་། སློབ་ཁྲིད་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་སློབ་མ་དག་ལ་གསོན་ཉམས་ལྡན་པའི་དཔེ་བཞག་ནས་ཁྲིམས་སྐྱོང་གི་སྟོབས་ཤུགས་དང་ཉིད་ཀྱི་ཁྲིམས་ལུགས་བྱང་ཚད་མཐོ་རུ་ཕྱིན་ཏུ་བཞག་ཡོད་པ་རེད། འདི་ལྟ་བུའི་ཁྲིམས་ལུགས་ཁྱབ་བརྡལ་གྱི་བྱ་འགུལ་སྤེལ་བ་བརྒྱུད། སློབ་མ་དག་གིས་རང་འགུལ་ངང་ཁྲིམས་ལུགས་ལ་སློབ་སྦྱོང་བྱེད་པའི་ནུས་པ་བསྐྱེད་བསྲིང་བྱས་ཡོད་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།