ལྷ་རིས་པ་སངས་རྒྱས་འབུམ་ལ་འཛམ་གླིང་གི་ཐང་གའི་སྒྱུ་རྩལ་ཁྱབ་སྤེལ་མཛད་རྗེས་བྱ་དགའ་ཐོབ་པ།

ལྷན་འཛོམས་ཀྱི་དྲན་རྟེན་མཉམ་པར།

མཚོ་སྔོན་རིག་གནས་སྒྱུ་རྩལ་དྲ་བས་འཕྲིན་སྤེལ་དོན། ཟླ༡༢པའི་ཚེས༢༥ཉིན་ལ་འཛམ་གླིང་སྒྱུ་རྩལ་པའི་མཉམ་འབྲེལ་ལྷན་ཚོགས་དང་འཛམ་གླིང་གི་ཀྲུང་གོ་བའི་ཁེ་ལས་པའི་མཐུན་ཚོགས་གཉིས་ཀྱི་མཉམ་དུ་བསྒྲུབས་པའི་ལོ་རེའི་ནང་གི་རྒྱལ་ཕྱིའི་ཀྲུང་གོ་བའི་ལོ་གསར་མཛའ་མཐུན་སྤྲོ་ཚོགས་དེ་ཧྲིན་ཀྲེན་གྱི་གླིང་ལྔའི་ཨར་ཁང་ནས་འཚོགས་ཤིང་། རྒྱལ་ཁབ་ཀྱི་མི་རིགས་རི་མོ་གླིང་ཐང་གའི་སྒྱུ་རྩལ་ཞིབ་འཇུག་གླིང་གི་འགོ་གཙོ་སངས་རྒྱས་འབུམ་ལ་འཛམ་གླིང་ཐང་གའི་སྒྱུ་རྩལ་ཁྱབ་སྤེལ་མཛད་རྗེས་ཀྱི་བྱ་དགའ་ཐོབ།

གླིང་གཙོ་སངས་རྒྱས་འབུམ་ལ་འཛམ་གླིང་གི་ཐང་གའི་སྒྱུ་རྩལ་ཁྱབ་སྤེལ་མཛད་རྗེས་ཀྱི་བྱ་དགའ་ཐོབ། 

དགོང་ཚོགས་ཐོག་ཚང་མས་མཛའ་བརྩེ་ལྷུག་བརྗོད་དང་སོ་སོའི་གྲུབ་འབྲས་གླེང་ནས་མཉམ་དུ་གསར་གཏོད་ཐད་གྲོས་ཞིབ་མཛད་དེ་མཉམ་ལས་མཉམ་རྒྱལ་ལ་བྲེལ་བའི་ཆབས་ཅིག  མཛད་རྗེས་ཆེན་པོ་འཇོག་མཁན་གྱི་ཕུལ་བྱུང་ཁེ་ལས་པ་དང་མི་སྒེར་ལ་གཟེངས་བསྟོད་གནང་།

ལོ་ཙཱ་བ། ཁོན་ཐར་འཚོ།