ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས་ལས་གཞི་ཆེན་པོ་བཅུ་ལག་བསྟར་བྱས་ཏེ་དབུལ་ཕོངས་ས་ཁུལ་གྱི་བདེ་ཐང་དབུལ་སྐྱོར་ལ་སྐུལ་འདེད་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   གསར་འགོད་པས་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན།   ཉེ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་ས་ཁུལ་ལ་བདེ་ཐང་དབུལ་སྐྱོར་བྱེད་པའི་ལོ་གསུམ་གྱི་ལས་འགུལ་འཆར་གཞི》ཕྱིར་བཏོན་ཏེ། བདེ་ཐང་དབུལ་སྐྱོར་མཁྲེགས་གཏོར་གྱི“ལས་གཞི་ཆེན་པོ་བཅུ”དམ་འཛིན་གྱིས་ལག་བསྟར་བྱེད་པ་དང་རོང་འབྲོག་པའི་སྨན་བཅོས་འགན་སྲུང་ཆུ་ཚད་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཤུགས་ཆེན་པོས་ཇེ་མཐོར་བཏང་སྟེ།  དབུལ་ཕོངས་ས་ཁུལ་གྱི་རོང་འབྲོག་པར“ནད་ཚ་ཉུང་ལ་སྨན་པར་སྟོན་ཐུབ་པ། སྨན་བཅོས་ལེགས་པོ་བྱེད་ཐུབ་པ”བྱེད་དགོས།

“ལས་གཞི་ཆེན་པོ་བཅུ”ཡི་ཁྲོད་ནད་པ་ལྕི་མོ་འགན་ལེན་བྱེད་པའི་ལས་གཞི་དང་ནད་ཆེན་བཅོས་སྐྱོང་བྱེད་པའི་གཅོང་ནད་ཀྱི་གན་རྒྱ་འཇོག་ཚད་རྒྱ་བསྐྱེད་དང་སྤུས་ཚད་མཐོར་འདེགས་གཏོང་བའི་ལས་གཞི།   གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཁ་གསབ་བྱེད་པའི་ལས་གཞི།    སྨན་བཅོས་འཕྲོད་བསྟེན་ཆ་འཕྲིན་ཕན་ཚུན་འབྲེལ་མཐུད་བྱེད་པའི་ལས་གཞི།  གཞི་རིམ་འཕྲོད་བསྟེན་འཇོན་མིའི་རུ་ཁག་འཛུགས་སྐྲུན་བྱེད་པའི་ལས་གཞི།  རོགས་སྐྱོར་བྱ་ཡུལ་གྱི་གནད་འཁེལ་དབུལ་སྐྱོར་གཏིང་ཟབ་ཀྱིས་སྤེལ་བའི་ལས་གཞི།        བདེ་ཐང་སྐུལ་འདེད་དང་བདེ་ཐང་ཤེས་བྱ་བརྒྱུད་སྒྲོག་བྱེད་པའི་ལས་གཞི།  ནད་ལྕི་མོ་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་གཞི།  མ་བུའི་བདེ་ཐང་དང་འཆར་ལྡན་བུ་སྐྱེས་ཞབས་ཞུའི་འགན་སྲུང་ལས་གཞི། ཞང་སྡེའི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་གཞི་བཅས་འདུ་བ་རེད།

ལས་གཞི་ཆེན་པོ་བཅུ་ལག་བསྟར་བྱེད་པའི་གོ་རིམ་ཁྲོད།   ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་རོང་འབྲོག་པ་ཡོང་རྫོགས་ནད་ལྕི་མོ་སྨན་བཅོས་རོགས་སྐྱོར་བྱེད་པའི་ཁྱབ་ཁོངས་སུ་བཅུག་ནས་ནད་ལྕི་མོ་གཅིག་བསྡུས་སྒོས་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་ཏེ།  ཞིང་ཆེན་ཡོངས་ནས་ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་རོང་འབྲོག་དམངས་ལ་ནད་ལྕི་མོ་རྟོག་ཞིབ་བྱས།    དབུལ་ཕོངས་ས་ཁུལ་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་སྔར་ལས་ཇེ་དྲག་ཏུ་བཏང་སྟེ་གཞི་རིམ་གྱི་བོད་སྨན་ཞབས་ཞུའི་ནུས་པ་སྔར་ལས་ཇེ་མཐོར་བཏང་།   དབུལ་ཕོངས་ས་ཁུལ་གྱི་རྫོང་དང་ཞང་། སྡེ་བའི་རིམ་པ་གསུམ་པའི་མི་གྲངས་ཀྱི་བདེ་ཐང་ཆ་འཕྲིན་སྟེགས་བུ་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱས།   དབུལ་ཕོངས་ས་ཁུལ་གྱི་ཞང་གྲོང་འཕྲོད་བསྟེན་ཁང་གིས་ལས་མི་བསྡུ་བར་ལས་གཉེར་སྨན་པའི་ཐོབ་ཐང་ཡོད་པའི་ཚན་ཁག་ཡོངས་ཀྱི་སྨན་པ་བསྡུས་ཏེ།  གྲོང་ཁྱེར་གྱི་མི་གྲངས་ཁྲི་རེར་དང་རོང་འབྲོག་ས་ཁུལ་གྱི་ཞང་གྲོང་འཕྲོད་བསྟེན་ཁང་རེ་རེར་ཚན་ཁག་ཡོངས་ཀྱི་སྨན་པ་གཉིས་ཀྱི་ཡན་བཀོད་སྒྲིག་བྱེད་པའི་དམིགས་འབེན་རིམ་བཞིན་མངོན་འགྱུར་བྱས།ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ལ་བརྟེན་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་གཅིག་གིས་གཅིག་ལ་རོགས་སྐྱོར་བྱེད་པའི་དབུལ་ཕོངས་ས་ཁུལ་གྱི་རིམ་པ་གཉིས་ཡན་གྱི་སྨན་བཅོས་ལས་ཁུངས་ཁྱོན་ཡོངས་ལ་ཁེབས་པར་མངོན་འགྱུར་བྱས།དབུལ་ཕོངས་ས་ཁུལ་གྱི་བུད་མེད་དང་བྱིས་པ།  དབང་བོ་སྐྱོན་ཅན་མི་དང་འཁོར་རྒྱུག་མི་གྲངས་སོགས་ལ་དམིགས་ཏེ།  ཡུལ་བབ་དང་བསྟུན་ནས་དམིགས་ས་རང་བཞིན་གྱི་བདེ་ཐང་སློབ་གསོའི་བྱ་བ་སྤེལ་ཏེ་སྐུལ་འདེད་བྱས།   ཐུམ་འབུའི་ནད་སྔོན་འགོག་བཅོས་སྐྱོང་ཁྱོན་ཡོངས་ནས་ཇེ་དྲག་ཏུ་བཏང་སྟེ་མི་ཚོགས་སའི་འགོས་ནད་ཀྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་སྤེལ།  འཕྲོད་བསྟེན་གྲོང་ཁྱེར་དང་མཛེས་པའི་མཁར་གྲོང་།   མཛེས་པའི་ཞང་སྡེའི་དམ་འཛིན་གྱིས་གསར་སྐྲུན་གྱིས་མཁར་ཞང་གི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བྱས་ཏེ་བདེ་འཇགས་སྡོད་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ཅིག་སྐྲུན་དགོས།