ཞིང་ཆེན་སྤྱི་བདེ་ཐིན་གྱིས་སྡེ་བའི་ཉེན་རྟོག་པའི་ཞབས་ཞུ་སྡེ་བ་རིམ་པར་ཁྱོན་ཡོངས་ལ་ཁེབས་པར་མངོན་འགྱུར་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།   གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་ད་སྔར་བསྡོམས་པས་སྡེ་བའི་ཉེན་རྟོག་པ4596བསྡུས་པ་ཡོངས་སུ་རོང་འབྲོག་ས་ཁུལ་དུ་བཀོད་སྒྲིག་བྱས་ཏེ་སྡེ་བའི་ཉེན་རྟོག་པའི་ཞབས་ཞུ་སྡེ་བ་རིམ་པར་ཁྱོན་ཡོངས་ལ་ཁེབས་པར་མངོན་འགྱུར་བྱས།

གཞི་རིམ་མངགས་གཏོང་ཁང་གི་གལ་ཆེའི་སྟོབས་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་ཆེད།   ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཉེན་རྟོག་པ4596གིས་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་དང་མི་དམངས་མང་ཚོགས་ལ་ཞབས་ཞུ་བསྒྲུབས་ཏེ་ཉེན་རྟོག་པའི་ལས་དོན་གྱི་བགྲོད་ལམ་རྒྱ་བསྐྱེད་དང་སྤྱི་བདེའི་གཞི་རིམ་གྱི་རྨང་གཞི་སོགས་ཀྱི་ཕྱོགས་ནས་ཇེ་དྲག་ཏུ་བཏང་། ཕན་ལྡན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆ་འཕྲིན་ཡང་དག་དང་སྔོན་འགོག་ཚགས་དམ་པ།  ལེགས་སྒྲིག་ནུས་ལྡན།  ཚོར་སྣང་མྱུར་བ།  ཞབས་ཞུ་སྟབས་བདེ་ཡིན་པའི་ཕན་འབྲས་ཐོག་མའི་དུས་སུ་མངོན་འགྱུར་བྱེད་ཐུབ་པ་བྱུང་།  

བསྡོམས་རྩིས་ལྟར་ན།   ད་ལྟའི་བར་དུ་ཞིང་ཆེན་ཡོངས་ནས་སྡེ་བའི་ཉེན་རྟོག་པས་བདེ་སྐྱོང་སྐོར་ཞིབ་དང་བདེ་འཇགས་སྔོན་འགོག་གི་དྲིལ་སྒྲོག་བྱ་བ་རོགས་འདེགས་ཀྱིས་སྤེལ་ཏེ།  ཉེས་དོན་གྱོད་གཞི356དང་བདེ་སྐྱོང་གྱོད་གཞི3023།  རང་བྱུང་གནོད་འཚེ་དོན་རྐྱེན167སྙན་ཞུ་བྱས་ལ་འགལ་བ་འདུམ་སྒྲིག་བྱས་པའི་དོན་རྐྱེན་ཚད10262ཡོད།

སྡེ་བའི་ཉེན་རྟོག་པའི་དོ་དམ་བཀོལ་སྤྱོད་ཀྱི་སྟེང་རང་ཞིང་གི་སྤྱི་བདེ་ལས་ཁུངས་ཀྱིས་དོ་དམ་དང་གྲུབ་འབྲས་དཔྱད་ཞིབ་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཟབ་ནན་གྱིས་དོན་འཁྱོལ་བྱས། ལྷག་པར་དུ་གསབ་བསྡུའི་མི་སྣ་གསར་བར་གཏན་འབེབས་བྱས་པའི་ལས་རིམ་གཞིར་བཟུང་སྟེ་གང་འདོད་ལྟར་མི་སྣ་བརྗེ་སྤོ་བྱེད་པ་གཏན་འགོག་དང་སྡེ་བའི་ཉེན་རྟོག་པ་བསྡུ་བའི་དོ་དམ་བྱེད་སྟངས་འཚོལ་ཞིབ་བྱས་ཏེ།    བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་དུས་ཡུན་རིང་བོར་སྡོད་ཁུལ་ལ་བྱ་བ་བསྒྲུབ་ཐུབ་པའི་ཧུར་བརྩོན་ཅན་གྱི་མི་སྡེ་བའི་ཉེན་རྟོག་པར་བསྡུས་ཏེ་སྡེ་བའི་ཉེན་རྟོག་པའི་རུ་ཁག་གི་བརྟན་བརླིང་རྒྱུན་འཁྱོངས་བྱས། དུས་མཚུངས་སུ་སྡེ་བའི་ཉེན་རྟོག་པའི་བྱ་བའི་འགན་འཁྲི་དང་འབྲེལ་ཡོད་གཏན་འབེབས་དང་འགལ་བའི་མི་སྣ་སྒྲིག་ལམ་གཞིར་བཟུང་སྟེ།   ལས་གནས་ལས་ཕུད་པའམ་དུས་ལྟར་སྡེ་བའི་ཉེན་རྟོག་རུ་ཁག་ལས་ཧུད་དེ་སྡེ་བའི་ཉེན་རྟོག་དོ་དམ་ལས་ལུགས་ཅན་དང་ཚད་ལྡན་ཅན།  ཁྲིམས་སྐྱོང་ཅན་དུ་མངོན་འགྱུར་བྱེད་པར་རིམ་གྱིས་སྐུལ་འདེད་བྱས།