དགུན་དུས་མཚོ་སྔོན་པོའི་ཐོག་ལ་མཛེས་སྡུག་ཆེས་ཆེ་ལྡན་པའི་ངང་དཀར་ཞབས་བྲོ།

མི་དམངས་དྲ་བའི་འཕྲིན། ལོ་ལྟར་ཟླ་བ་10པར། "འདབ་ཆགས་ནང་གི་ལྷ་བྱ"ཞེས་སྙན་གྲགས་ཁྱབ་པའི་ངང་དཀར་ཚོ་གྲང་ངར་ཆེ་བའི་ཤིན་ཅང་པ་དབྱིན་པུའུ་ལུའུ་ཁེ་ངང་དཀར་མཚེའུ་དང་། ཨུ་རུ་སུ་སོགས་ནས་མཚོ་སྔོན་པོར་གནས་སྤོས་བྱས་ནས་འདི་གར་དུས་ཡུན་རིང་བའི་དགུན་དུས་སྐྱེལ་གྱི་ཡོད་པ་རེད། དུས་དེ་ནས་ལོ་རྗེས་མའི་དཔྱིད་ཀའི་བར་དུ་མཚོ་སྔོན་པོ་ནི"ས་མཐོའི་ངང་དཀར་མཚེའུ"ཞིག་ཏུ་གྱུར་པ་རེད།

ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་འཛུགས་སྐྲུན། འདམ་རའི་སྐྱེ་ཁམས་ཁོངས་གཏོགས་དོ་དམ་ནུས་ལྡན་བཅས་བྱས་པ་བརྒྱུད། མཚོ་སྔོན་པོས་ཆུ་བྱ་མང་པོ་ཞིག་གནས་འདིར་སྐྱེ་འཕེལ་དང་གནས་སྤོས་ངལ་གསོ། དགུན་དུས་སྐྱེལ་བ་བཅས་བྱེད་པར་བཀུག་དང་འགུགས་བཞིན་ཡོད་པ་རེད། མིག་སྔའི་བར་དུ་མཚོ་སྔོན་པོ་དང་མཚོ་སྔོན་པོའི་མཐའ་སྐོར་ས་ཁུལ་གྱི་འདབ་ཆགས་རིགས་1989ལོའི་མཚེའུ་བསྐོར་བརྟག་ཞིབ་བྱེད་སྐབས་ཀྱི་རིགས་164ནས་རིགས་191ཏུ་འཕར་སྣོན་བྱུང་བ་རེད།