ཞབས་བྲོའི་ཟློས་གར་ཆེ་གྲས་《ཐང་ག་》ཞེས་པ་པེ་ཅིང་དང་ཐེན་ཅིན་དུ་སྐོར་སྐྱོད་འཁྲབ་སྟོན་བྱ་རྒྱུ་ཡིན་པ།

མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་27ཉིན་གྱི་དགོང་མོར་གསར་དུ་རྩོམ་པའི་མི་རིགས་ཀྱི་ཞབས་བྲོའི་ཟློས་གར་ཆེ་གྲས་《ཐང་ག་》ཞེས་པ་དམངས་ཕན་ཀྱི་འཁྲབ་སྟོན་བྱ་ཐབས་ཐོག་ནས་མཚོ་སྔོན་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་བསྟུད་མར་ཐེངས་གཉིས་བྱས་པ་ནས་བཟུང་ཞབས་བྲོའི་ཟློས་གར་《ཐང་ག་》ཞེས་པ་སྐོར་སྐྱོད་འཁྲབ་སྟོན་ས་ཚིགས་དང་པོར་འཁྲབ་སྟོན་བྱེད་འགོ་ཚུགས་པ་ཡིན་ཞིང་། དེའི་རྗེས་སུ་ཞབས་བྲོའི་ཟློས་གར་འདི་པེ་ཅིང་དང་ཐེན་ཅིན་གྲོང་ཁྱེར་གཉིས་སུ་སྐོར་སྐྱོད་འཁྲབ་སྟོན་བྱ་རྒྱུ་རེད།

ཞབས་བྲོའི་ཟློས་གར་《ཐང་ག་》ཞེས་པ་དེའི་ནང་དུ་ད་དུང་མཚོ་སྔོན་རང་ཡུལ་གྱི་དམངས་སྲོལ་དང་རོལ་དབྱངས། ཞབས་བྲོ། བཟོ་བཀོད། རི་མོ་སོགས་ཀྱི་གཞི་རྒྱུ་འདུས་ཡོད་ཅིང་། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་མཚོ་སྔོན་ས་ཆ་འདིའི་ལོ་རྒྱུས་ཀྱི་མི་ཆོས་བརྩེ་དུང་དང་། དེ་བཞིན་མཚོ་སྔོན་མི་དམངས་མང་ཚོགས་ཀྱིས་དྭངས་ཤིང་གཙང་བའི་འཇིག་རྟེན་དང་། དད་པའི་སྟོབས་ཤུགས་བརྩོན་ལེན་ཚད་མེད་བྱས་ཚུལ་གཟིགས་མོ་བ་ཚོར་ལ་བསྟན་ནས་གཟིགས་མོ་བ་ཚོ་དེའི་ནང་དུ་ཁྲིད་ནས་ཐང་ག་རྒྱུས་ལོན་དང་མཚོ་སྔོན་རྒྱུས་ལོན་བྱེད་དུ་བཅུག་པ་རེད།