རྒྱལ་ཡོངས་ཀྱི་འགྲོ་འོང་ལམ་རིན་སྤྲོད་པའི་གློག་རྡུལ་འཛིན་བྱང་དངོས་སུ་སྤྱོད་མགོ་ཚུགས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན།    2018ལོའི་ཟླ1པོའི་ཚེས1ཉིན།   རྒྱལ་ཡོངས་ཀྱི་འགྲོ་འོང་ལམ་རིན་སྤྲོད་པའི་གློག་རྡུལ་འཛིན་བྱང་དངོས་སུ་སྤྱོད་མགོ་ཚུགས་ཏེ་རང་ཞིང་གིས་ཀྱང་གཞུང་ལམ་གྱི་ལམ་རིན་སྤྲོད་པའི་གློག་རྡུལ་འཛིན་བྱང་ཐོག་མ་ཕྱིར་བྱིན་པ་རེད།

རྒྱུས་ལོན་པ་ལྟར་ན།  མ་ལག་བཀོལ་སྤྱོད་བྱས་ཏེ་འཛིན་བྱང་ཐོག་མ་བྱིན་པ་དེས་རིན་བསྡུའི་གཞུང་ལམ་གྱི་ཁྲལ་འཕར་འཛིན་བྱང་སྟེར་བའི་ཐོག་མའི་བྱ་བ་འཐུས་ཚང་དུ་བཏང་། 2019ལོའི་ཟླ6པའི་སྔོན་ལ།   མྱུར་བགྲོད་གཞུང་ལམ་གྱི་ལམ་རིན་བསྡུ་སའི་རླངས་འཁོར་ལམ་དུ་རླངས་འཁོར་ཨང་རྟགས་གསལ་བོར་མཐོང་ཐུབ་པའི་མ་ལག་ལ་རིམ་འཕར་བསྒྱུར་བཀོད་དང་མྱུར་བགྲོད་གཞུང་ལམ་སྟེང་སྣ་མང་རང་བཞིན་གྱིས་ལམ་དབྱེ་འབྱེད་བྱེད་ཐུབ་པའི་མ་ལག་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་བ་བསྒྲུབ་རྒྱུ་རེད།རིན་བསྡུའི་གཞུང་ལམ་འགྲོ་འོང་གི་ལམ་རིན་སྤྲོད་པའི་གློག་རྡུལ་འཛིན་བྱང་ཁྱོན་ཡོངས་ནས་ལག་བསྟར་བྱས་རྗེས།   རྩིས་ཐོར་བཀོད་ཆོག་ལ་ཁེ་ལས་ཀྱི་ཚོང་གཉེར་མ་རྩ་གྲོན་ཆུང་བྱེད་པར་ཕན་པ་དང་རླངས་འཁོར་ཁ་ལོ་བས་འཛིན་བྱང་ཉར་ཚགས་བྱས་ནས་བཀོལ་སྤྱོད་བྱེད་པར་ཕན་པ།   ཁྲལ་དོན་སྡེ་ཁག་གིས་དོ་དམ་དང་གཞི་གྲངས་ཉེར་སྤྱོད་བྱེད་པར་ཕན་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་རྒྱ་ཆེའི་མི་དམངས་ཀྱི་འགྲོ་འོང་ལ་སྔར་ལས་ལྷག་པའི་སྟབས་བདེ་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་རེད།