མཚོ་ལྷོ་མང་རྫོང་གིས་དཔལ་ཡོན་སློབ་རྭ་གསར་འཛུགས་བྱེད་པའི་བྱ་འགུལ་གྱི་ཚ་རླབས་འཕྱུར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ད་ལོ་ནས་བཟུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གིས་དཔལ་ཡོན་སློབ་རྭ་གསར་འཛུགས་བྱེད་རྒྱུ་དེ་བསམ་པའི་དཔལ་ཡོན་འཛུགས་བསྐྲུན་དང་ནར་མ་སོན་པའི་མིའི་བསམ་བློའི་ཀུན་སྤྱོད་འཛུགས་བསྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་དུ་ཤུགས་བསྣན་ནས་སློབ་རྭ་ཡོངས་སུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་བསྐྲུན་མཁན་དང་དེའི་རྒྱུད་འཛིན་པ་གསོ་སྐྱོང་བྱེད་པའི་སྤྱིའི་དམིགས་འབེན་རྒྱུན་འཁྱོངས་བྱས་ཏེ། རིན་ཐང་གི་སྣེ་ཁྲིད་གཞིར་བཟུང་ནས་དགེ་སློབ་གྱི་འབྲེལ་འདྲིས་ཉེ་བར་བཏུད་པ། གོམ་པ་རེ་རེ་བཞིན་ལག་བསྟར་བྱེད་པ། རྩ་དོན་ཆེན་པོ་བཞིའི་ཕན་འབྲས་ལ་དོ་སྣང་བྱེད་པ། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ། སེམས་ཞིབ་མོས་ཇུས་འགོད་བཀོད་སྒྲིག་བྱེད་པ། དངོས་ཡོད་བྱ་འགུལ་གྱི་བརྗོད་དོན་ཕུན་སུམ་ཚོགས་པར་བཏང་ནས་2020ལོའི་བར་དཔལ་ཡོན་སློབ་རྭ་གསར་འཛུགས་བྱེད་པའི་བྱ་བ་དེ་བསམ་པའི་དཔལ་ཡོན་འཛུགས་བསྐྲུན་གྱི་ཚོང་རྟགས་གྲགས་ཅན་དུ་བཟུང་ནས་དཔལ་ཡོན་ཅན་གྱི་མང་རྫོང་འཛུགས་བསྐྲུན་དང་རྫོང་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་ལ་སྲ་བརྟན་གྱི་རྨང་གཞི་བརྟན་པོ་བཏིངས་ཡོད།

བྱ་བའི་རྣམ་གྲངས་འདི་ལེགས་པོར་འགྲུབ་ཆེད་མང་རྫོང་གིས་དཔལ་ཡོན་སློབ་རྭ་གསར་འཛུགས་བྱེད་པའི་བྱ་འགུལ་གྱི་འགོ་ཁྲིད་ཚོ་ཆུང་གསར་འཛུགས་བྱས་ཤིང་བསམ་པའི་དཔལ་ཡོན་འཛུགས་བསྐྲུན་གྱི་གཞི་རྩའི་དམིགས་འབེན་དེ་སློབ་གྲྭའི་བྱ་བའི་ནང་དོན་གཙོ་བོར་བཟུང་ནས་དགེ་རྒན་དང་འཛིན་གྲྭ་སོ་སོའི་ལོ་མཇུག་གི་དཔྱད་སྡུར་སྤྱི་སྡོམ་གཙོ་བོར་བཟུང་ནས་སློབ་གྲྭ་སོ་སོར་ལྟོས་བཅོས་ཀྱི་ལས་ཁུངས་གསར་འཛུགས་བྱས་ཤིང་དཔལ་ཡོན་སློབ་རྭ་གསར་འཛུགས་བྱེད་པའི་བྱ་བའི་གོ་རིམ་སོ་སོ་དམ་འཛིན་གྱིས་ཡོངས་འགྲུབ་བྱས་ཡོད། དུས་མཉམ་དུ་དཔལ་ཡོན་སློབ་རའི་བྱ་འགུལ་གྱི་སྐུལ་སློང་ཚོགས་ཆེན་བསྡུས་ཤིང་སློབ་གྲྭ་སོ་སོའི་དགེ་སློབ་ཡོངས་རྩ་འཛུགས་ཀྱིས་འབྲེལ་ཡོད་བྱེད་ཐབས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་དཔལ་ཡོན་སློབ་རའི་བྱ་འགུལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟང་བྱས་ཤིང་། དཔལ་ཡོན་སློབ་ར་འཛུགས་བསྐྲུན་གྱི་རང་རྟོགས་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ་དཔལ་ཡོན་སློབ་ར་གསར་འཛུགས་བྱེད་རྒྱུ་དེ་མི་རེ་རེ་ལ་འགན་འཁྲི་ཡོད་པ་དང་མི་རེ་རེ་ཚང་མ་བྱ་འགུལ་དེར་ཞུགས་པ་དང་དཔྱད་སྡུར་བྱེད་པ། གཟེངས་བསྟོད་དང་དཔལ་ཡོན་འཛིན་གྲྭ དཔལ་ཡོན་མལ་ཁང་། ཡིད་འོངས་དགེ་རྒན་དང་སྤྱོད་ལྡན་ན་ཆུང་བཅས་ལ་རེ་འདུན་འདོན་དགོས།

བྱ་བའི་ཁྲོད་མང་རྫོང་གིས་དཔལ་ཡོན་སློབ་རྭ་གསར་འཛུགས་བྱེད་པའི་བྱ་འགུལ་དེ་བསྡུས་གཟུགས་དང་དམ་འཛིན་གྱིས་དགེ་སློབ་རྣམས་ཀྱི་སྤྱི་དམངས་ཀྱི་ཀུན་སྤྱོད་དང་མི་སྒེར་གྱི་ཀུན་སྤྱོད་ཚད་གཞི། དམངས་གཙོའི་བཅའ་ཁྲིམས་འདུ་ཤེས་བཅས་མཐོར་འདེགས་སུ་གཏོང་བའི་རྨང་གཞིའི་སྟེང་སློབ་གྲྭའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་འཛུགས་བསྐྲུན་གྱི་ནང་དོན་བདེ་ཐང་ཅན། གཉེན་གཤིས་ཞི་འཇམ་གྱི་སློབ་གྲྭའི་རིག་གནས་དང་སློབ་གྲྭའི་དཔལ་ཡོན་ཚད་གཞི་མཐོར་འདེགས་སུ་བཏང་སྟེ་ཧུར་བརྩོན་གྱིས་སློབ་མ་ཡིད་ཚིམས་ཤིང་། ཁྱིམ་བདག་སེམས་བདེ་པ། སྤྱི་ཚོགས་ཀྱི་འདོད་བློ་ཁེངས་པའི་མི་གསོ་སྐྱོང་བྱེད་སའི་ཁོར་ཡུག་ཤིག་གསར་འཛུགས་བྱེད་པར་ཧུར་བརྩོན་བྱས་ཏེ་ཚད་གཞི་ཞིབ་སྡུར་བརྒྱུད་སློབ་གྲྭའི་སྤྱོད་ལམ་འཛུགས་བསྐྲུན་དང་ཀུན་སྤྱོད་སློབ་གསོ། ཏང་ཡོན་དཔེར་མཚོན་ཅན། སློབ་གྲྭའི་རིག་གནས། བདེ་ཁམས་སློབ་གྲྭ་བཅས་ཀྱི་བཟོ་བསྐྲུན་ཆེན་པོ་ལྔ་ལེགས་འགྲུབ་བྱ་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།