དཀར་མོ་གཡང་འཁྱིལ་རྨ་ཆུའི་ཟམ་ཆེན་ལ་ཞིང་ཆེན་རིམ་པའི་ཕུལ་བྱུང་བཟོ་བསྐྲུན་གྱི་བྱ་དགའ་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། རང་ཞིང་གི་ཆེས་ཐོག་མའི་རང་འགུལ་གྱི་ཇུས་འགོད་དང་རང་བདག་གི་དོ་དམ། རང་བདག་གི་ལས་ཀ་ལག་བསྟར་བཅས་བྱས་ཞིང་། དུས་མཉམ་དུ་མིག་སྔར་རང་ཞིང་དུ་ཆེས་རིང་ཞིང་འཁྱོག་ཚད་ཡང་ཆེས་རིང་བ། ཟམ་མིག་ཆེས་མཐོ་བའི་ཟམ་ཆེན་སྟེ་དཀར་མོ་གཡང་འཁྱིལ་རྨ་ཆུའི་ཟམ་ཆེན་ནི་མཚོ་སྔོན་ཞིང་ཆེན་བཟོ་བསྐྲུན་མཐུན་ཚོགས་ཀྱིས་ཚད་ལེན་དཔྱད་ཞིབ་བྱས་པ་བརྒྱུད་2017ལོའི་མཚོ་སྔོན་ཞིང་ཆེན་གྱི་འཛུགས་བསྐྲུན་བཟོ་སྐྲུན་ཁྲོད་གཙང་བོའི་འགོ་ཁུངས་རྟགས་མའི་ཞིང་ཆེན་རིམ་པའི་ཕུལ་བྱུང་བཟོ་སྐྲུན་གྱི་བྱ་དགའི་གཟེངས་རྟགས་ཐོབ་པ་རེད།

དཀར་མོ་གཡང་འཁྱིལ་རྨ་ཆུའི་ཟམ་ཆེན་གྱི་བཟོ་བསྐྲུན་དེ་རང་ཞིང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་ཡོད་ལ། དེ་ནི་མཚོ་སྔོན་གྱི་གཞུང་ལམ་གཙོ་བོའི་དྲ་རྒྱ་འཆར་འགོད2009ལོ་ནས2030ལོའི་བར་གྱི6920དྲ་རྒྱའི་ཁྲོད་ཀྱི་སྦྲེལ་མཐུད་ཉི་ཤུའི་ཁྲོད་ནས་སྦྲེལ་མཐུད་ལྔ་བ་སྟེG572མང་རྫོང་ནས་དབུས་ལམ་གཞུང་ལམ་ཁྲོད་ཀྱི་རྨ་ཆུའི་ཟམ་ཆེན་ཞིག་ཡིན་ལ། དེ་ནི་གསེར་ཆེན་རྫོང་དང་དར་མཚོ་རྫོང་། མང་རྫོང་བཅས་བར་གྱི་ཟམ་གདོང་གལ་ཆེན་ཞིག་ཀྱང་ཡིན་པས། གཙོ་བོ་མཐུད་སྦྲེལ་བྱེད་ས་ནིG214ལམ་ཐིག་དང་ཟི་ལིང་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་ཡིན། ཆེས་ཆེ་བའི་ཟམ་པ་དེའི་རིང་ཚད་ལ་སྨི2418དང་ཟམ་པའི་གཙོ་གནད་ཀྱི་རིང་ཚད་ལ་སྨི730 ཟམ་སྣེ་ཁྲིད་སྟོན་གྱི་རིང་ཚད་ལ་སྨི1680 ཟམ་གདུང་གི་ཆེས་རིང་བའི་མཐོ་ཚད་སྨི111དང་ཆེས་ཆེ་བའི་ཟམ་གདུང་གི་ཟབ་ཚད་སྨི60ཡིན།

རྣམ་གྲངས་དེ་ནི2014ལོའི་ཟླ4བའི་ཚེས20ཉིན་འཛུགས་བསྐྲུན་བྱེད་འགོ་ཚུགས་པ་དང་རྣམ་གྲངས་དེར་ཟབ་ཞུགས་བྱས་པའི་མི་སྣ་དག་གིས་དཀའ་ཁག་མང་པོ་ཁྱད་དུ་གསལ་ནས་ལག་རྩལ་གྱི་ཚད་གཞི་མཐོ་ཞིང་ལས་ཀའི་དུས་ཡུན་ཐུང་བ། འགན་འཁྲི་ལྕི་བ། ཁོར་ཡུག་ལ་རྙོག་འཛིང་ཆེ་བ། གནམ་གཤིས་མི་ལེགས་པ་སོགས་ཀྱི་དཀའ་ཁག་འོག་ཞིབ་ཚགས་ལྡན་ལ་དོན་དངོས་ལ་གཞོལ་བའི་བྱ་བའི་རྣམ་འགྱུར་ལེགས་པོས་དུས་ཡུན་ཟླ་ངོ28གྱི་རིང་ལ་ད་བཟོད་ལས་སྐྲུན་གྱི་འགན་ཁུར་འདི་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་སྔ་གཞུག་ཏུ་རྣམ་པ་གསར་བའི་ཆེད་སྤྱོད་ཁེ་ཕན་རིགས་1དང་ཞིང་ཆེན་རིམ་པའི་བཟོ་སྐྲུན་བཅའ་ཁྲིམས2 ཞིང་ཆེན་རིམ་པའི་ཚན་རིག་གསར་གཏོད་ཀྱི་གྲུབ་འབྲས་གསར་བ་2བཅས་ཀྱི་བྱ་དགའི་གཟེངས་རྟགས་བླངས་པ་རེད།

དཀར་མོ་གཡང་འཁྱིལ་རྨ་ཆུའི་ཟམ་ཆེན་གྱི་བཟོ་སྐྲུན་ལེགས་འགྲུབ་བྱུང་རྗེས། དེ་ནི་རང་ཞིང་གི་གཞི་ཁྱོན་ཆེས་ཆེ་ཞིང་རྣོ་ལྕགས་དང་ཨར་འདམ་བསྲེས་པའི་ཟམ་པ་ཆེས་ཆེ་ཤོས་དང་གཡང་འཁྱིལ་ཆུ་གློག་ས་ཚིགས་དེ་ཡུལ་སྐོར་མཛེས་ལྗོངས་སུ་གྱུར་བས། རང་ཞིང་གི་མཚོ་ངོས་ལས་ཆེས་མཐོ་ཞིང་དྲོད་གྲང་ལ་ཁྱད་པར་ཆེ་བ། ཟམ་གདོང་ཆེ་བ། འཁྱོག་ཚད་ཆེས་ཆེ་བའི་ཟམ་པ་འཛུགས་བསྐྲུན་སོགས་ཀྱི་ཐད་ལ་ཕུན་སུམ་ཚོགས་པའི་ཉམས་མྱོང་གི་ནོར་བུ་ཞིག་གསོག་ཉར་བྱས་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།