མཚོ་སྔོན་གྱིས་བྱེད་ཐབས་བཏོན་ནས་ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་གསོ་རིག་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ།

མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་《མཚོ་སྔོན་ཞིང་ཆེན་གྱི་གཞུང་འཛུགས་ཀྱི་ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་གསོ་རིག་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་ནས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་གསོ་རིག་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ལས་དོན་འཐུས་སྒོ་ཚང་དུ་གཏོང་བའི་ཐད་བྱེད་ཐབས་ཞིབ་ཕྲ་བཏོན་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། 《བསམ་འཆར་》ནང་ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་སྨན་དང་སྨན་བཅོས་ཀྱི་ཁ་གསབ་ལམ་སྲོལ་བཙུགས་ནས་ཁྱད་པར་ཅན་གྱི་ལྕག་སྐུལ་སྲིད་ཇུས་མངོན་འགྱུར་བྱེད་དགོས་པ་དང་། སྲིད་གཞུང་གིས་གཞུང་བཙུགས་ཀྱི་ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་གསོ་རིག་སྨན་ཁང་ལ་མ་དངུལ་བཏང་བའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ་གཞུང་བཙུགས་ཀྱི་ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་གསོ་རིག་སྨན་ཁང་འཕེལ་རྒྱས་མགྱོགས་མྱུར་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་སྨན་དང་སྨན་བཅོས་ཀྱི་སྨན་བཅོས་འགན་བཅོལ་སྲིད་ཇུས་སྤྱོད་རྒྱུར་སྐུལ་ལྕག་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཏེ་ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་གསོ་རིག་སྨན་ཁང་དུ་སྡོད་པའི་ཆ་སྙོམས་ཉིན་མོ་འོས་འཚམ་ངང་རིང་དུ་གཏོང་དགོས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་ནང་ཁུལ་གྱི་སྨན་སྦྱོར་སྤྱོད་རྒྱུར་སྐུལ་ལྕག་བྱས་ཏེ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་མཉམ་འབྲེལ་སྒྲིག་གཞིར་ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་སྦྱོར་སྤྱོད་ཆོག་པ་བཟོ་དགོས། ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་གསོ་རིག་སྨན་ཁང་རིམ་དབྱེའི་སྨན་བཅོས་ལ་ཞུགས་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་2020ལོར་སླེབས་སྐབས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གིས་རིམ་པ་དབྱེ་ནས་ནད་བརྟག་སྨན་བཅོས་ཐུབ་པའི་ནད་གཞི་30ཟིན་པ་བྱེད་དགོས། གྲོང་ཁྱེར(རང་སྐྱོང་ཁུལ)དང་རྫོང་རིམ་པའི་ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་གསོ་རིག་སྨན་ཁང་གི་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་དགོས། གྲོང་ཁྱེར(རང་སྐྱོང་ཁུལ)དང་རྫོང་རིམ་པའི་ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་གསོ་རིག་སྨན་ཁང་ཚང་མས་ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་གསོ་རིག་གི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་ནད་ཐོག་སྨན་བཅོས་ཀྱི་ཆེད་ལས་ཁོའོ་ཧྲེ་བདམས་ཏེ་གཙོ་གནད་ཐོག་འཛུགས་དགོས་པ་དང་། ལོ་གཉིས་ཀྱི་དུས་ཡུན་རིང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)མ་བུ་འཕྲོད་སྦྱོར་སྒྲིག་གཞིར་ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་གསོ་རིག་ཚན་ཁག་འཛུགས་དགོས། ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་གསོ་རིག་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ཁུལ་དུ་གནས་གཏན་འཁེལ་གྱི་ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་མཁོ་ཆོད་སྨན་པ་250རིན་མེད་ངང་གསོ་སྐྱོང་བྱེད་དགོས། མཐོ་རིམ་ལས་གནས་བཀོད་སྒྲིག་དང་གདན་ཞུས་ལས་བསྐོས་ཁྲོད་ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་གསོ་རིག་མི་སྣར་གཟིགས་སྐྱོང་སྲིད་ཇུས་ངེས་ཅན་ཞིག་འདོན་དགོས་པ་མ་ཟད། ཀྲུང་ལུགས་དང་། བོད་ལུགས། སོག་ལུགས་གསུམ་གྱི་གསོ་རིག་མ་ལག་ཁྲོད། གྲགས་ཅན་སྨན་པ་དཔྱད་འདེམས་ཀྱི་ལམ་སྲོལ་འཛུགས་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།